ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་འཇལ་བའི་དུས་བཅད་ལོ5ནར་འགྱངས་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་དུས་སློབ་གསོ་པུའུ་དང་། ནོར་སྲིད་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་། ཀྲུང་གོ་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་སོགས་སྡེ་ཚན་བཞི་ཡིས་མཉམ་དུ《རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་གྱི་འབྲེལ་ཡོད་སྲིད་ཇུས་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། ཕྱོགས་གསུམ་གྱི་ཐད་ནས་སློབ་སྐྱོར་དངུལ་བུན་གྱི་འབྲེལ་ཡོད་སྲིད་ཇུས་ལེགས་སྒྲིག་བྱས་པ་རེད།

བརྡ་ཐོའི་ནང་། ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་དངུལ་བུན་གཡར་མཁན་སློབ་མའི་དཔལ་འབྱོར་གྱི་ཁུར་པོ་སྔར་བས་ཡང་དུ་གཏོང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མོས་མཐུན་གནང་བ་བརྒྱུད། སློབ་སྐྱོར་དངུལ་བུན་གྱི་འབྲེལ་ཡོད་སྲིད་ཇུས་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་གཤམ་གསལ། གཅིག་ནི་སློབ་སྐྱོར་དངུལ་བུན་གྱི་མ་གནས་འཇལ་བའི་དུས་བཅད་ལོ3ནས་ལོ5བར་ནར་འགྱངས་བྱ་རྒྱུ་དང་། གཉིས་ནི་སློབ་སྐྱོར་དངུལ་བུན་གྱི་དུས་བཅད་དེ་སློབ་ཡུན་གྱི་སྟེང་ལོ13བསྣན་པ་དང་རིང་ཤོས་ལའང་ལོ20ལས་བརྒལ་མི་རུང་བ་དེ་སློབ་ཡུན་གྱི་སྟེང་ལོ15བསྣན་རྒྱུ་དང་རིང་ཤོས་ལའང་ལོ22ལས་བརྒལ་མི་རུང་བར་ལེགས་སྒྲིག་བྱ་རྒྱུ། གསུམ་ནི2020ལོའི་ཟླ1ཚེས1ཉིན་ནས་བཟུང་གན་རྒྱ་གསར་པ་བཞག་པའི་སློབ་སྐྱོར་་དངུལ་བུན་གྱི་སྐྱེད་ཁ་དེ་དུས་མཚུངས་དང་རིམ་མཚུངས་དངུལ་བུན་གྱི་ཁྲོམ་རའི་རིན་ཕབ་སྐྱེད་ཚད(LPR)གཞིར་བཟུང་། གཞི་གནས30ཆག་ཡང་གཏོང་རྒྱུ་བཅས་གཏན་འཁེལ་བྱས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།