ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་བཏང་ནས་ཁྲོམ་རའི་བྱེད་པོར་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཀྲམ་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་བཏང་ནས་ཁྲོམ་རའི་བྱེད་པོར་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

《བསམ་འཆར》ནང་ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་ཚོང་གཉེར་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་མོད། འོན་ཀྱང་ད་དུང་ཞན་ཆའི་ལྷུ་ཚིགས་ཁག་གཅིག་སྔར་བཞིན་གནས་ཡོད་པ་དང་། ལྷག་པར་དུ་ཏོག་གསར་གློ་ཚད་རིམས་ནད་སོགས་ཀྱི་ཤུགས་རྐྱེན་ཐེབས་པ་ལས་ཁེ་ལས་ཀྱི་དཀའ་ངལ་མངོན་གསལ་དོད་དུ་ཕྱིན་པས་ཁྲོམ་རའི་བྱེད་པོར་དམིགས་ནས་དོ་ཁུར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པ་དང་། རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ཀྱི་ཚད་གཞི་དང་ཡང་ཡང་བསྡུར་ནས་སྒྱུར་བཅོས་བྱེད་ཐབས་སྔར་ལས་མང་བ་སྤྱད་དེ་ཐོན་སྐྱེད་གཉེར་སྐྱོང་ཁྲོད་ཀྱི་ཁེ་ལས་ཀྱི་འགག་གནད་དང་དཀའ་གནད་སེལ་བ་དང་ཁྲོམ་རའི་བྱེད་པོར་ཞབས་འདེགས་ཞུ་ཤུགས་ཆེ་རུ་བཏང་སྟེ་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མགྱོགས་མྱུར་བསྐྲུན་དགོས་ལུགས་བསྟན་ཡོད།

《བསམ་འཆར》ནང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས《བསམ་འཆར》ནང་བཏོན་པའི་ལས་འགན་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་དང་ཁྲོམ་རའི་བྱེད་པོའི་དགོས་མཁོར་དམིགས་ཏེ་དངོས་གཉེར་གོ་ཆོད་ཀྱི་སྒྱུར་བཅོས་བྱེད་ཐབས་སྔར་ལས་མང་བ་ཞིབ་འཇུག་བྱས་ནས་འདོན་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་ཟབ་གཏོང་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་གྱི་ལས་སྒོར་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་འདོམས་མཐུན་སྦྱོར་དང་ལྟ་སྐུལ་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་ནས་སྒྱུར་བཅོས་བྱེད་ཐབས་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།