ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་རྒྱལ་ཡོངས་སྲིད་གྲོས་ཀྱི“ཀོང་ཏུང་དང་ཞང་ཀང་ཨའོ་མོན་བཅས་ས་ཁུལ་གྱི་གསར་གཏོད་མཉམ་ལས་ལ་སྐུལ་འདེད་གཏོང་བའི”ཆེད་དོན་གྲོས་མོལ་ཚོགས་འདུའི་སྟེང་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་ཉེར་གཉིས་ཉིན་པེ་ཅིང་དུ“ཀོང་ཏུང་དང་ཞང་ཀང་། ཨོ་མེན་བཅས་ས་ཁུལ་གྱི་གསར་གཏོད་མཉམ་ལས་ལ་སྐུལ་འདེད་གཏོང་བའི”ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན།  ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་སུ་ས་ཁུལ་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་བཟང་པོ་བླངས་ནས། འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ས་ཁུལ་གྱི་གསར་གཏོད་མཉམ་ལས་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་དགོས། “རྒྱལ་ཁབ་གཅིག”གི་རྩ་བ་བརྟན་སྲུང་དང“ལམ་ལུགས་གཉིས”ཀྱི་ཁེ་ཕན་སྤྱོད་མཁས་པོ་བྱས་ནས་བརྟན་འཇགས་ལ་སྲུང་སྐྱོང་བྱེད་པའི་རྨང་གཞིའི་སྟེང་དུ། སྟོབས་ཤུགས་སྔར་ལས་ཆེ་བར་བརྟེན་ནས་བཅོས་སྒྱུར་སྒོ་འབྱེད་དང་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ་དང་། གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་རང་མོས་ངང་འཁོར་རྒྱུག་བྱེད་པར་གནོད་པའི་རྐྱེན་ངན་དང་ཚོད་འཛིན་མེད་པར་བཟོ་དགོས། རྒྱུན་མི་ཆད་པར་ཤུགས་བརྒྱབ་པ་དང་སྙིང་རུས་རྒྱུན་འཁྱོངས་བྱས་ཏེ། སྒོ་འབྱེད་རྣམ་པའི་མཉམ་ལས་གསར་གཏོད་ཀྱི་མཐོ་ས་བསྐྲུན་དེ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་གྱི་ནང་དོན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ཟེར།

ཐེངས་འདིའི་ཆེད་དོན་གྲོས་མོལ་ཚོགས་འདུར་ཡུལ་དངོས་ཀྱི་ཚོགས་འདུ་དང་བརྙན་རིས་ཚོགས་འདུ་ཟུང་འབྲེལ་བྱེད་ཐབས་སྤྱད། རྒྱལ་སྲིད་ཨུ་ཡོན་ཝང་ཡུང་ཚོགས་འདུར་ཞུགས་པ་དང་འབྲེལ་ཏེ་བསྟན་དོན། གོམ་སྟབས་རྗེས་མའི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང《ཀོང་ཏུ་དང་ཞང་ཀང་། ཨའོ་མོན་བཅས་ས་ཁུལ་གྱི་འཕེལ་རྒྱས་འཆར་འགོད་རྩ་གནད》ཀྱི་བླང་བྱ་དོན་འཁྱོལ་བྱེད་པ། ས་ཁུལ་གྱི་གསར་གཏོད་ནུས་པ་དང་འགྲན་རྩོད་ནུས་ཤུགས། རྒྱལ་སྤྱིའི་ཤུགས་རྐྱེན་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཧོའུ་ཧྭ་དང་ལེང་ཀྲེན་དབྱིན་གྱིས་ཚོགས་འདུའི་ཐོག་གཏམ་བཤད་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་འགོར་ཉན་པར་མ་ཟད། ཨུ་ཡོན་རྣམས་དང་ལྷན་དུ་བསམ་ཚུལ་བརྗེ་རེས་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།