ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ཁི་སི་ཐན་གྱི་ཕང་ཀྲི་ཕུའུ་ཞིང་ཆེན་་དུ་ཆར་བ་དྲག་པོ་བབས་ཏེ་དོན་རྐྱེན་ཐེངས་མང་བྱུང་བ་ལས་མི་ཉི་ཤུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ཁི་སི་ཐན་ཤར་ཕྱོགས་ཀྱི་ཕང་ཀྲི་ཕུའུ་ཞིང་ཆེན་དུ་ཚེས་ཉེར་གཅིག་ཉིན་ཆར་བ་དྲག་པོ་བབས་ཏེ་དོན་རྐྱེན་ཐེངས་མང་བྱུང་བ་ལས་མི་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་དང་མི་གང་མང་རྨས།

ཕ་ཁི་སི་ཐན་སྨྱན་བྱད་ཀྱིས་ཚེས་ཉེར་གཅིག་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཕང་ཀྲི་ཕུའུ་ཞིང་ཆེན་དུ་ཆར་བ་དྲག་པོ་བབས་ཏེ་ཁང་བ་བརྡིབས་པ་དང་གློག་གིས་བརྒྱབ་པའི་དོན་རྐྱེན་ཐེངས་མང་བྱུང་བ་ལས་མི་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་དང་མི་གང་མང་རྨས། དེའི་ནང་དུ་ཧྥེ་ས་ལ་པ་ཏི་དང་ཁ་སུའུ་ཨར་ས་ཁུལ་དུ་ཁང་བ་བརྡིབས་པའི་དོན་རྐྱེན་ཐེངས་ལྔ་ལ་བྱུང་ནས་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་དགུ་རྨས།

ཕང་ཀྲི་ཕུའུ་ཞིང་ཆེན་གྱི་དབུ་བཞུགས་པུའུ་ཀྲང་ཨོ་སི་མན་པུའུ་ཚིས་ཏ་ཨར་གྱིས་ཆར་བ་དྲག་པོ་བབས་ཏེ་མི་སྣ་ཤི་རྨས་བྱུང་བར་ཡིད་སྐྱོ་བའི་ཚུལ་བསྟན་པར་མ་ཟད་སྨན་ཁང་གིས་རྨས་མར་ཆེས་བཟང་བའི་སྨན་བཅོས་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།