ཀྲུང་གོ་བོད་ཀྱི་དྲ་བ།

མོ་རོ་ཁོའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ས་དབུས་རྒྱ་མཚོར་ལྐོག་བརྒལ་བྱེད་མཁན་བརྒྱ་དང་བདུན་སྲོག་ཉེན་ལས་བསྐྱབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མོ་རོ་ཁོའི་གསར་ལམ་སྟེང་ཚེས་ཉེར་གཅིག་ཉིན་གནས་ཚུལ་སྤེལ་བར་གཞིགས་ན། མོ་རོ་ཁོའི་མཚོ་དམག་གི་ཁོངས་སུ་གཏོགས་པའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ཚེས་བཅུ་དགུ་ཉིན་དང་ཚེས་ཉི་ཤུ་ཉིན་ས་དབུས་རྒྱ་མཚོར་ལྐོག་བརྒལ་བྱེད་མཁན་བརྒྱ་དང་བདུན་བསྐྱབས་པ་རེད།

མོ་རོ་ཁོའི་གཞུང་ཕྱོགས་འཕྲིན་གཏོང་ཁང་གིས་དམག་ཕྱོགས་ཀྱི་གནས་ཚུལ་སྤེལ་གཏོང་བྱས་ནས་བཤད་རྒྱུར། མོ་རོ་ཁོའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ཏིས་ཀྲུང་ཧའེ་ནས་འགྱིག་གྲུ་མང་པོ་ཞིག་མཐོང་བའི་མོད་ལ། མྱུར་མོར་གྲུ་སྟེང་གི་མི་བརྒྱ་དང་བདུན་སྲོག་ཉེན་ལས་བསྐྱབས།

གནས་ཚུལ་སྤེལ་བར་གཞིགས་ན། མཚོ་འགྲམ་གྱི་ཉེན་རྟོག་རུ་ཁག་གིས་དེའི་ཁྲོད་ཀྱི་བདེ་ཐང་གནས་ཚུལ་ཡག་པོ་མེད་པ་ཁག་གཅིག་ལ་དགོས་ངེས་ཀྱི་མྱུར་སྐྱོབ་བྱས་ཡོད། མིག་སྔར་ལྐོག་བརྒལ་བྱེད་མཁན་ཚང་མ་མོ་རོ་ཁོའི་བྱང་ཕྱོགས་གྲུ་ཁར་བསྐྱལ་བ་རེད།

མོ་རོ་ཁོ་དང་ཞི་པན་ཡ་གཉིས་ཀྲི་པུའུ་ལའོ་མཚོ་འགག་གིས་བར་བཅད་ཡོད། ས་གནས་གཉིས་ཀྱི་བར་གྱི་སྒྲོལ་གྲུ་དེ་ཧ་ལམ་སྐར་མ་བཞི་བཅུ་ཙམ་འགོར་གྱི་ཡོད། མོ་རོ་ཁོ་ནས་ཐད་ཀར་སི་ཕེན་དུ་བསྐྱོད་པ་ནི་ཁྲིམས་འགལ་ངང་ཡོ་རོབ་ཏུ་གནས་སྤོ་བྱེད་པའི་ལམ་ཐིག་གཙོ་བོའི་གྲས་ཤིག་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།