ཀྲུང་གོ་བོད་ཀྱི་དྲ་བ།

པ་ཞི་སྲིད་གཞུང་གི་པུའུ་ཀྲང་གཉིས་ལ་པྲོག་གསར་གློ་ཚད་རིམས་ནད་འགོས་ཡོད་པ་ངོས་འཛིན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པ་ཞི་སྲིད་གཞུང་གི་པུའུ་ཀྲང་གཉིས་ལ་ཚེས་ཉི་ཤུ་ཉིན་པྲོག་དབྱིབས་ནད་དུག་ཞིབ་བཤེར་བྱས་པའི་མཇུག་འབྲས་ནི་གདགས་གཤིས་སུ་མངོན་པ་ངོས་འཛིན་བྱས།

པ་ཞི་སྤྱི་དམངས་པུའུ་ཀྲང་ཨོ་ཉི་ཁི་སི་ལོ་ལུན་ཙོ་ཉི་དང་གསར་དུ་བདམས་པའི་སློབ་གསོ་པུའུ་ཀྲང་མུས་ཨར་ཏུང་ལིས་པེ་ལོ་གཉིས་ཀྱིས་ཉིན་དེར་པྲོག་དབྱིབས་ནད་དུག་འགོས་པ་ཁྱབ་སྒྲོག་བྱས།

པ་ཞི་འཕྲོད་བསྟེན་པུའུ་ཡིས་ཚེས་ཉི་ཤུ་ཉིན་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། པ་ཞི་རྒྱལ་ཁབ་ཏུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ས་ཡ་གཉིས་དང་འབུམ་གཅིག་ལས་བརྒལ་བ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་སྡོམ་པས་ཁྲི་བརྒྱད་ལས་བརྒལ་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།