ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《ཚོང་གཉེར་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་བཏང་ནས་ཁྲོམ་རའི་རང་བདག་ལ་སྔར་ལས་ཞབས་འདེགས་ཞུ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ཞེས་པ་པར་འགྲེམས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་འགའི་སྔོན་ན རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《ཚོང་གཉེར་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་བཏང་ནས་ཁྲོམ་རའི་རང་བདག་ལ་སྔར་ལས་ཞབས་འདེགས་ཞུ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ཞེས་པ་པར་འགྲེམས་བྱས།

《བསམ་འཆར》ནང་ཁྲོམ་རའི་རང་བདག་དོ་ཁུར་ལ་སྔར་ལས་དམིགས་དགོས། རྒྱལ་སྤྱིའི་སྔོན་ཐོན་ལ་དམིགས་ཏེ་བཅོས་སྒྱུར་གྱི་བྱེད་ཐབས་སྔར་ལས་མང་བ་སྤྱད་དེ། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་འགག་གནད་དང་གནད་ས་སེལ་བ། ཚོང་རའི་གྲུབ་ཆ་གཙོ་བོར་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་བ་དང་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མགྱོགས་མྱུར་སྒོས་བསྐྲུན་དགོས།

《བསམ་འཆར》ནང་ཕྱོགས་དྲུག་ཐད་ཀྱི་སྲིད་ཇུས་དང་བྱེད་ཐབས་བཏོན་ཡོད། གཅིག་ནས་དངུལ་གཏོང་འཛུགས་སྐྲུན་གྱི་སྟབས་བདེ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་ནས། བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་བརྒྱུད་རིམ་ཧྲིལ་པོར་དྲ་ཐོག་ནས་ཞིབ་མཆན་འགོད་པ་དང“འཆར་མང་གཅིག་སྒྲིལ”ལ་སྐུལ་འདེད་གཏོང་བ་སོགས་དང་། གཉིས་ནས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ཞིབ་མཆན་དང་ཆ་རྐྱེན་སྟབས་བདེ་རུ་བཏང་སྟེ། སློབ་གསོ་དང་སྨན་བཅོས། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་ལུགས་མཐུན་མིན་པའི་ཆོག་འཐུས་ཆ་རྐྱེན་གཙང་སེལ་བྱ་རྒྱུ་དང་། གསུམ་ནས་ཕྱི་ཕྱོགས་མ་དངུལ་དང་ཕྱི་ཕྱོགས་ཚོང་དོན་གྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུའི་ཁྲོད་ཕྱིར་གཏོང་ནང་འདྲེན་གྱི་འགག་སྒོ་སྒྲོལ་བའི་ལས་ཆོད་ཆེ་རུ་གཏོང་བ་དང་། ཕྱི་ཕྱོགས་མ་དངུལ་གྱི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱི་དངུལ་གཏོང་གཉེར་སྐྱོང་ཚོད་འཛིན་ཉུང་དུ་གཏོང་རྒྱུ་སོགས་ཚུད་པ། བཞི་ནས་ལས་ཞུགས་ལས་སྐྲུན་གྱི་ཚད་གཞི་དམའ་རུ་གཏོང་བ། ལྔ་ནས་ཁེ་ལས་དང་འབྲེལ་བ་ཡོད་པའི་ཞབས་ཞུའི་སྤུས་ཚད་དང་ལས་ཆོད་ཆེ་རུ་གཏོང་རྒྱུ། དྲུག་ནས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ཡུན་རིང་ཕན་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།