ཀྲུང་གོ་བོད་ཀྱི་དྲ་བ།

རིག་གནས་དང་ཡུལ་སྐོར་པུས་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ་ཁག་གཉིས་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། གསར་འགོད་པར་རིག་གནས་དང་ཡུལ་སྐོར་པུའུ་ནས་ཤེས་རྟོགས་བྱུང་བར། ཧོང་ཧྲན་གྲོང་ཁྱེར་དབྱི་རྫོང་ཤིས་ཏི་གྲོང་རྡལ་ཤིས་ཏི་གྲོང་ཚོ་ཚུད་པའི་གྲོང་ཚོ་680རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ་ཁག་གཉིས་པའི་མིང་གཞུང་གི་གྲོང་ཚོའི་མིང་ཐོའི་ནང་བཀོད་ཡོད་པ་རེད།

རིག་གནས་དང་ཡུལ་སྐོར་སྡེ་ཚན་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 《“ལོ་ལྔ་ཚན་བཅུ་གསུམ་པའི”ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་འཆར་གཞི》དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ནང་བཏོན་པའི་བླང་བྱ་གཞིར་བཟུང་། རིག་གནས་དང་ཡུལ་སྐོར་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ་ཁག་གཉིས་པའི་འདེམས་སྒྲུག་ལས་དོན་མཉམ་འབྲེལ་ཐོག་སྤེལ་ཏེ། བདམས་ཐོན་བྱུང་བའི་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ་ཁག་གཉིས་པའི་མིང་ཐོ་གཏན་འཁེལ་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།