ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཞོད་འགོག་སྤྱིའི་བཀོད་འདོམས་པུའུ་ཡིས་ཉེན་ཁའི་གྲལ་བཤེར་དང་མི་སྣའི་གནས་སྤོ་ཉེན་གཡོལ་ལ་ཤུགས་སྣོན་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཞོད་འགོག་སྤྱིའི་བཀོད་འདོམས་པུའུ་ཡིས་ཚེས་བཅོ་བརྒྱད་ཉིན་བརྡ་ཐོ་བཏང་ནས། ཉེན་ཁའི་གྲལ་བཤེར་དང་མི་སྣའི་གནས་སྤོ་ཉེན་གཡོལ་ལ་ཤུགས་བསྣན་ཏེ། འཇིགས་སྣང་ཐེབས་པའི་མང་ཚོགས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་གནས་སྤོ་རུ་འཇུག་པ་དང་། གནས་སྤོ་དགོས་པ་ཐམས་ཅད་གནས་སྤོ་རུ་བཅུག་སྟེ། ཁྱིམ་ཚང་དང་མི་གཅིག་ཀྱང་ལུས་སུ་འཇུག་མི་ཉན་ལ། ལྷག་པར་དུ་རྒན་པ་དང་བྱིས་པ། ནད་པ། དབང་བོ་སྐྱོན་ཅན། དཀའ་ངལ་ཅན་གྱི་ཚོགས་པ་བཅས་ལ་དམིགས་ནས། གནས་སྤོ་བ་དང་འཚོལ་ཞིབ་མྱུར་སྐྱོབ་བྱེད་པར་ཤུགས་སྣོན་དགོས་པའི་རེ་བ་བཏོན།

བརྡ་ཐོའི་ནང་དུ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་གཙོ་གཞིའི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། རང་གི་འགན་འཁྲི་དེ་ཞོད་འགོག་རྒུད་སྐྱོབ་ཀྱི་བརྒྱུད་རིམ་ཧྲིལ་བོ་དང་རིམ་པ་སོ་སོ་རུ་དོན་འཁྱོལ་བྱེད་དགོས་ལ། གནོད་འགོག་གནོད་སེལ་རྒུད་སྐྱོབ་སྒྲིག་སྲོལ་གྱི་བཅོས་སྒྱུར་ཁྱད་སྟོབས་ལེགས་པར་འདོན་དགོས། རིམ་པ་སོ་སོའི་ཞོད་འགོག་ཐན་འགོག་སྤྱིའི་བཀོད་འདོམས་པུའུ་ཡིས་གཅིག་གྱུར་གྱི་བཀོད་འདོམས་དང་གཅིག་གྱུར་གྱི་མཐུན་སྦྱོར་ལ་ཤུགས་སྣོན་དགོས། སྡེ་ཁག་སོ་སོས་རང་འགན་ནན་སྒྲུབ་དང་ཕན་ཚུན་གཞོགས་འདེགས་ཀྱིས་ཕྱོགས་སོ་སོས་འབད་འཐབ་མཉམ་ལས་བྱེད་པའི་ཞོད་འགོག་རྒུད་སྐྱོབ་ཀྱི་རྣམ་པ་ཆགས་པར་ཤུགས་སྣོན་དགོས། གནད་ལ་འཁེལ་བའི་ཞིབ་འཇུག་བརྡར་གཅོད་བྱེད་པ་དང་ཉེན་བརྡ་བཏང་ནས། ཆུ་ལོག་གི་ཉེན་བརྡ་དུས་ལྟར་གཏོང་བ་དང་། གནོད་འཚེ་ཡང་བསྐྱར་འབྱུང་བའི་སྔོན་བརྡ་གཏོང་བར་ཤུགས་བསྣན་ནས། མྱུར་བ་མྱུར་དུ་སྡེ་བ་དང་ཁྱིམ་ཚང་། མི་ཚང་མར་སྔོན་བརྡ་གཏོང་བར་ཁག་ཐེག་བྱེད་དགོས། ཉེན་ཟོན་བྱེད་ཐབས་སྔར་ལས་དོན་འཁྱོལ་བྱས་ཏེ། ཇུས་གཞི་སྔོན་འགོད་དང་དཔུང་སྡེ་དངོས་རྫས། ཆུ་ལོག་འཁྱིལ་སའི་བཀོལ་སྤྱོད་སོགས་གྲ་སྒྲིག་བྱ་བ་སྣ་ཚོགས་གཅིག་གྱུར་གྱིས་བཟང་བོར་བསྒྲུབ་དགོས་པ་དང་། སྐོར་ཞིབ་འགོག་སྲུང་ལ་ཤུགས་བསྣན་ནས། སྟོབས་ཤུགས་ཡོད་རྒུས་ཉེན་སེལ་རྒུད་སྐྱོབ་བྱེད་དགོས་ལ། རྒུད་སྐྱོབ་བཀོད་སྒྲིག་བྱེད་ཐབས་དོན་འཁྱོལ་བྱས་ཏེ། སླར་གསོ་བསྐྱར་འཛུགས་ལ་ཇུས་འགོད་ཞིབ་མོ་བྱེད་དགོས་པའི་རེ་བ་བཏོན་ཡོད།

འཕྲལ་བསྟུན་དོ་དམ་པུའུ་ཡི་འབྲེལ་ཡོད་འགན་ཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། ཆུ་ལོག་གི་དུས་སྐབས་སླེབས་པའི་ཚུན་ལ། རྒྱལ་ཡོངས་ཀྱི་ཉེན་སེལ་རྒུད་སྐྱོབ་དཔུང་སྡེ་ཞོད་འགོག་ཉེན་སེལ་རྒུད་སྐྱོབ་རིགས་སྣ་ཚོགས་དྲུག་སྟོང་བརྒྱད་བརྒྱ་ཞེ་གཅིག་ལ་ཞུགས་པ་དང་། ཉེན་སེལ་བཀོད་འཐབ་པ་མི་ཐེངས་བདུན་ཁྲི་བདུན་སྟོང་བརྒྱད་བརྒྱ་མངགས་ལ། ཉེན་སེལ་རླངས་འཁོར་ཐེངས་ཆིག་ཁྲི་ཆིག་སྟོང་བདུན་བརྒྱ་དང་། གྲུ་གཟིགས་ཐེངས་དྲུག་སྟོང་སུམ་བརྒྱ་ང་ལྔ་མངགས་ཏེ། དཀའ་ངལ་ལ་ཐུག་པའི་མང་ཚོགས་ཆིག་འབུམ་ཆིག་ཁྲི་ཉིས་སྟོང་བསྐྱབས།

མཚམས་སྦྱོར་བྱས་པ་ལྟར་ན། འཕྲལ་བསྟུན་དོ་དམ་པུའུ་ཡིས་ཆུ་ལོག་གི་གནོད་འཚེའི་ཉེན་ཁར་ཞིབ་འཇུག་དང་བརྡར་གཅོད་བྱས་པ་བརྒྱུད་དེ། འབྲི་ཆུའི་བར་སྨད་རྒྱུད་དང་། ཐེ་ཧུའུ་མཚེའུ་འགྲམ་རྒྱུད། ཧོད་ཧི་དང་སུང་ལེའོ་གཙང་བོའི་འབད་རྒྱུད་སོགས་ས་ཁོངས་གཙོ་བོ་བདུན་གྱི་ཞིང་ལྗོངས་དང་གྲོང་ཁྱེར་བཅུ་དགུ་རུ་གྱེན་འཕུར་གནམ་གྲུ་སོ་བདུན་བཀོད་སྒྲིག་བྱས་ཏེ། རགས་འགྲམ་གྱི་སྐོར་སྲུང་དང་རགས་ཁ་ཤོར་བ་འགོག་པ། དངོས་རྫས་སྐྱེལ་འདྲེན་སོགས་ཀྱི་ལས་འགན་སྒྲུབ་བཞིན་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།