ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོ་རང་རྒྱལ་གྱི་དབྱར་འབྲུར་སླར་ཡང་ལོ་ལེགས་བྱུང་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་ཡོངས་ཀྱི་དབྱར་འབྲུའི་ཐོན་འབོར་ཏུན་ཁྲི14281(རྒྱ་མ་དུང་ཕྱུར2856ཟིན་པ)ཟིན་པ་དེ2019ལོ་ལས་ཏུན་ཁྲི120.8(རྒྱ་མ་དུང་ཕྱུར24.2)འཕར་ནས0.9%འཕར་ཡོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོ་ཏོག་གསར་གློ་ཚད་རིམས་ནད་སོགས་རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་ཕོག་ཀྱང་རང་རྒྱལ་གྱི་དབྱར་འབྲུར་སླར་ཡང་ལོ་ལེགས་བྱུང་ནས་ཐོན་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་རེད།

ཚེས15ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2020ལོར་རྒྱལ་ཡོངས་ཀྱི་དབྱར་འབྲུའི་ཐོན་འབོར་ཏུན་ཁྲི14281(རྒྱ་མ་དུང་ཕྱུར2856ཟིན་པ)ཟིན་པ་དེ2019ལོ་ལས་ཏུན་ཁྲི120.8(རྒྱ་མ་དུང་ཕྱུར24.2)འཕར་ནས0.9%འཕར་ཡོད་པ་རེད།

རྒྱལ་ཁབ་བསྡོམས་རྩིས་ཅུས་གྲོང་གསེབ་སིའི་སི་ཀྲང་ལི་སུའོ་ཆང་གིས“དབྱར་འབྲུར་སླར་ཡང་ལོ་ལེགས་བྱུང་བས། ལོ་ཧྲིལ་པོའི་འབྲུ་རིཌ་ཐོན་སྐྱེད་བརྟན་པོ་ཡོང་རྒྱུར་རྨང་གཞི་བཏིང་བ་མ་ཟད། ‘བརྟན་པོ་དྲུག’གི་ལས་དོན་མུ་མཐུད་ཏན་ཏིག་བསྒྲུབ་རྒྱུ་དང‘འགན་ལེན་དྲུག’གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་གདེང་ཚོད་བརྟན་དུ་ཕྱིན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད”ཅེས་བརྗོད་བྱུང་།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།