ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་གྲངས་གཞི་རྫུན་བཟོ་བྱེད་རིགས་ལ་ཞིབ་བཤེར་ནན་མོ་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སློབ་གསོ་པུས་ལས་དོན་སྤེལ་རིང་། མཐོ་སློབ་ཁག་གཅིག་ཏུ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་མིན་ལ་མི་བདེན་རྫུན་སྒྲིག་མིང་རྟགས་བཀོད་པ་སོགས་ཀྱི་བྱེད་སྤྱོད་ཤེས་རྟོགས་བྱུང་བས། སློབ་གསོ་པུས་རྣམ་པ་གང་རུང་ལ་བརྟེན་ནས་ལས་ཞུགས་ཀྱི་གྲངས་གཞི་མི་བདེན་རྫུན་སྒྲིག་བྱེད་རིགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་འབྲེལ་ཡོད་ཁྲིམས་འགལ་བྱེད་སྤྱོད་ལ་ཐག་གཅོད་ནན་པོ་དང་། ཤེས་རྟོགས་བྱུང་མ་ཐག་འཕྲལ་མར་ཞིབ་བཤེར་ཐག་གཅོད་བྱས་ནས་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་ཏན་ཏིག་བྱ་རྒྱུ་ཡིན་པ་རེད།

སློབ་གསོ་པུས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ལས་ཞུགས་ཀྱི་གྲངས་གཞིར་ཞིབ་དཔྱད་བྱས་ཏེ་ལས་ཞུགས་བསྡོམས་རྩིས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཡོ་བསྲང་ནན་ཏན་བྱ་རྒྱུ་རེད། གཅིག་ནས་སློབ་ཐོན་སློབ་མ་སོ་སོས་ཞིབ་དཔྱད་བྱེད་པའི་ཐབས་ལམ་བཟོས་ནས2020ལོའི་མཐོ་སློབ་སློབ་ཐོན་སློབ་མས“སློབ་འཕྲིན་དྲ་བར”འཛུལ་ནས“སློབ་ཐོན་སློབ་མའི་འགྲོ་ཕྱོགས་འདྲི་རྩད་ཚུར་ལན”རེའུ་མིག་ནང་གི་སློབ་ཐོན་སློབ་མ་སོ་སོའི་འགྲོ་ཕྱོགས་ཆ་འཕྲིན་ལ་ཞིབ་དཔྱད་བྱ་ཆོག་པ་དང་། གཉིས་ནས་ས་གནས་དང་མཐོ་སློབ་ཁག་གིས་རང་བཤེར་ལ་མཛུབ་ཁྲིད་བྱས་ནས་སློབ་ཐོན་སློབ་མ་ཚང་མའི་ལས་ཞུགས་དཔྱད་གཞིར་ཞིབ་བཤེར་ནན་པོ་བྱེད་པ་དང་། སྟབས་བསྟུན་ལས་ཞུགས་སོགས་ཀྱི་འབྲེལ་ཡོད་གྲངས་གཞིར་གཙོ་གནད་ཞིབ་དཔྱད་བྱེད་པ། འབྲེལ་ཡོད་ཤོག་རིགས་སམ་ཡང་ན་གློག་རྡུལ་དཔྱད་གཞི་སློབ་གྲྭ་རིམ་པའི་ལས་ཞུགས་སྡེ་ཚན་དུ་ཉར་ཚགས་བྱས་ནས་དཔྱད་གཞིར་འཇོག་པ། གསུམ་ནས་ཐེར་འདོན་ཁ་པར(010-68352281)དང་སྦྲག་སྒམ(xiangmu@ncss.org.cn)བརྒྱུད་སློབ་ཐོན་སློབ་མས་དོ་ཁུར་བྱེད་པའི་གནད་དོན་དུས་ཐོག་ཏུ་ཚུར་ལན་བྱེད་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་ལྟ་སྐུལ་དང་ལེན་བྱེད་པ། བཞི་ནི་ཕྱོགས་གསུམ་པའི་སྒྲིག་གཞིས་ཞིབ་དཔྱད་བྱེད་པར་མངགས་བཅོལ་བྱས་ནས་སློབ་ཐོན་སློབ་མ་མི་སྒེར་དང་མི་སྤྱོད་ཚན་པར་ཞིབ་དཔྱད་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ་དོགས་ཡོད་ཆ་འཕྲིན་ལ་རིམ་པ་བཞིན་དཔྱད་ཞིབ་དང་ཚུར་ལན་བྱེད་པ། ལྔ་ནི་རྩད་གཅོད་དང་ཐག་གཅོད་ནན་པོ་བྱེད་པ་དང་འབྲེལ་འགན་འཁྲི་བདའ་འདེད་བཏང་ནས་ས་གནས་ཁག་གི་མཐོ་སློབ་ཀྱི་མི་བདེན་རྫུན་སྒྲིག་བྱེད་པ་སོགས་ཀྱི་སྒྲིག་འགལ་བྱེད་སྤྱོད་རྩད་གཅོད་ཐུབ་ཚེ་ཐག་གཅོད་ནན་པོ་བྱེད་པ་དང་སྦྲགས་འགན་འཁྲི་བདའ་འདེད་གཏོང་རྒྱུ་བཅས་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།