ཀྲུང་གོ་བོད་ཀྱི་དྲ་བ།

འཕྲལ་སྡོམ་དོ་དམ་པུའུ་ཡིས་བསྟན་དོན་ཟླ7པའི་ཚུན་དུ་ཆུ་ལོག་དང་ཞོད་སྐྱོན་ལས་མི་ཐེངས་ཁྲི2027.2ལ་གནོད་འཚེ་ཕོག་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས16ཉིན་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། འཕྲལ་སྡོམ་དོ་དམ་པུའུ་ཡིས་བསྡོམས་རྩིས་ལྟར་ན། ཟླ7པ་ནས་བཟུང་ཆུ་ལོག་དང་ཞོད་སྐྱོན་གྱིས་ཅང་ཞི་དང་ཨན་ཧུའེ། ཧུའུ་པེ། ཧུའུ་ནན། ཁྲུང་ཆིང་། ཀུའེ་ཀྲོའུ་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)24ཡི་མི་ཐེངས་ཁྲི2027.2ལ་གནོད་འཚེ་ཕོག་པ་དང་མི23རྐྱེན་ལམ་དུ་ཤོར་བའམ་གར་སོང་ཆ་མེད་དུ་གྱུར་ལ་མི་ཐེངས་ཁྲི176.4ལ་ཛ་དྲག་ངང་གནས་སྤོ་བཀོད་སྒྲིག་བྱས་པ་དང་། ཁང་པ་ཁྲི1.2རྡིབ་པ་དང་ཁང་པ་ཁྲི་8.9ལ་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག་པ་དང་། ཞིང་ལས་སྐྱེ་དངོས་ལ་གནོད་འཚེ་ཕོག་པའི་རྒྱ་ཁྱོན་སྤྱི་ཆིང་སྟོང2207.5ཟིན། དེའི་ཁྲོད་སྤྱི་ཆིང་སྟོང380.6ལ་ཅི་ཡང་བརྔ་བསྡུ་བྱ་རྒྱུ་མེད་པར་གྱུར་བ་དང་། ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར491.8ཟིན་པ་རེད།

ན་ནིང་གི་དུས་མཉམ་དང་བསྡུར་ན། གནོད་འཚེ་ལས་ཤི་རྨས་དང་གར་སོང་ཆ་མེད་དུ་གྱུར་པའི་མི་གྲངས53.1%མར་ཆག་པ་དང་། ཁང་པ་བརྡིབས་པའི་གྲངས་འབོར55.6%ཆག་ཡོད་ལ། ཐད་ཀའི་དཔལ་འབྱོར་གྱོང་གུན11.2%ཡར་འཕར་ཡོད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།