ཀྲུང་གོ་བོད་ཀྱི་དྲ་བ།

གློག་བརྙན་ཁང་སྒོ་འབྱེད་ཆོག་པའི་དུས་ཚོད་བསྒྲགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-07-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་གློག་བརྙན་ཅུས་ཀྱིས་ཟླ7ཚེས16ཉིན་རིམས་འགོག་ཚོད་འཛིན་རྒྱུན་གཏན་ཅན་གྱི་ཆ་རྐྱེན་འོག་གོ་རིམ་ལྡན་པའི་ངང་གློག་བརྙན་ཁང་སྒོ་འབྱེད་པའི་སྐོར་གྱི་བརྡ་ཐོ་ཁྱབ་བསྒྲགས་བྱས། ཉེན་ཁ་ཆུང་བའི་ས་ཁུལ་གྱིས་གློག་བརྙན་ཁང་གི་རིམས་འགོག་ཚོད་འཛིན་བྱ་ཐབས་ཁག་དོན་འཁྱོལ་ནུས་ལྡན་ཡོང་པའི་སྔོན་འགྲོའི་ཆ་རྐྱེན་འོག ཟླ7ཚེས20ཉིན་ནས་བཟུང་གོ་རིམ་ལྡན་པའི་ངང་སྒོ་ཕྱེ་སྟེ་ལས་གཉེར་སླར་གསོ་བྱས་ཆོག

ཉེན་ཁ་ཆེ་བའི་ས་ཁུལ་དུ་གནས་སྐབས་ལས་གཉེར་བྱེད་མི་ཆོག ཉེན་ཁ་ཆུང་བའི་ས་ཁུལ་ནས་ཉེན་ཁ་ཆེ་བའི་ས་ཁུལ་དུ་ལེགས་སྒྲིག་བྱས་ཚེ། རིམས་འགོག་ཚོད་འཛིན་གྱི་གཏན་འབེབས་ལྟར་རིམས་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ། གློག་བརྙན་ཁང་གིས་དུས་ཐོག་ཏུ་བླང་བྱ་ལྟར་ལས་གཉེར་བྱེད་མཚམས་འཇོག་དགོས།

དྲ་རྒྱའི་སྟེང་དངོས་མིང་ཐོག་ནས་སྔོན་མངགས་བྱེད་པ་དང་འབྲེལ་འདྲིས་མེད་པའི་སྒོ་ནས་པ་སེ་འཚོང་དགོས། སྣོལ་མར་པ་སེ་འཚོངཔ་དང་རྒྱུས་མེད་ཀྱི་ལྟད་མོ་བའི་བར་བར་ཐག་སྨི1ཡན་ཟིན་དགོས། གློག་བརྙན་གཏོང་ཐེངས་རེར་ལྟད་མོ་བ་སྡོད་ཚད30%ལས་བརྒལ་མི་ཆོག གློག་བརྙན་ཁང་གི་ལས་དོན་མི་སྣས་ལྟད་མོ་པར་ངེས་པར་དུ་བརྒྱུད་རིམ་ཧྲིལ་པོར་ཁ་རས་གྱོན་པར་ལྟ་སྐུལ་བྱེད་དགོས།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།