ཀྲུང་གོ་བོད་ཀྱི་དྲ་བ།

དྲག་ཆར་གྱིས་ཁྲུང་ཆིང་ཁའེ་ཀྲོའུ་རུ་རི་ཉིལ་ནས་མི2རྐྱེན་ལམ་དུ་ཤོར་བ་དང་མི4གར་སོང་ས་མེད་དུ་གྱུར།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-07-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  གསར་འགོད་པར་ཁྲུང་ཆིང་གྲོང་ཁྱེར་ཁའེ་ཀྲོའུ་ཆུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ7པའི་ཚེས16ཉིན་གྱི་ཆུ་ཚོད་6པ་ཙམ་ལ་ཁྲུང་ཆིང་གྲོང་ཁྱེར་ཁའེ་ཀྲོའུ་ཆུས་ཏུན་ཧའོ་གྲོང་རྡལ་དུ་དྲག་ཆར་བབས་པའི་རྐྱེན་གྱིས་རི་ཉིལ་བའི་དོན་རྐྱེན་ཐེངས་གསུམ་བྱུང་ནས་མི2རྐྱེན་ལམ་དུ་ཤོར་བ་དང་མི4གར་སོང་ཆ་མེད་དུ་གྱུར། རོགས་སྐྱོབ་བྱ་བ་ཛ་དྲག་ངང་སྤེལ་བཞིན་ཡོད་པ་རེད།

ཚེས16ཉིན་གྱི་ཐོ་རེངས་ནས་བཟུང་ཁའེ་ཀྲོའུ་ཆུས་སུ་དྲག་ཆར་འབབ་པ་དང་། ཤང་དང་གྲོང་རྡལ་ཁག་གཅིག་ཏུ་རིམ་རྩིས་བྱས་ན་ཆར་པ་འབབ་ཚད་ཧའོ་སྨི100ལས་བརྒལ་བ་དང་རི་ཉིལ་བ་དང་འགྲོ་ལམ་རྡིབ་པའི་དོན་རྐྱེན་མང་པོ་བྱུང་ཡོད། དེའི་ཁྲོད་ཏུན་ཧའོ་གྲོང་རྡལ་ཡུན་མོན་གྲོང་ཚོ་རུ་རི་ཉིལ་བའི་དོན་རྐྱེན་ཐེངས5བྱུང་ཞིང་ཁྱིམ་ཚང་ཞིག་གི་སྡོད་ཁང་རྡིབ་ནས་མི1རྐྱེན་ལམ་དུ་ཤོར་བ་དང་མི3གར་སོང་ཆ་མེད་དུ་གྱུར་བ་དང་། ཀྲེང་དབྱང་གྲོང་ཚོ་རུ་རི་ཉིལ་བའི་དོན་རྐྱེན་ཐེངས2བྱུང་ནས་མི1རྐྱེན་ལམ་དུ་ཤོར།  པའེ་ཡན་གྲོང་ཚོ་རུ་རི་ཉིལ་བའི་དོན་རྐྱེན་ཐེངས9བྱུང་ནས་མི1རྐྱེན་ལམ་དུ་ཤོར། མིག་སྔར་ས་གནས་དེ་གའི་ཏང་ཨུ་དང་སྲིད་གཞུང་དང་། འཕྲལ་སྡོམ་དང་མེ་ཟོན་སོགས་རོགས་སྐྱོབ་སྟོབས་ཤུགས་ཀྱིས་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱེད་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།