ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ་ཁེ་ལས་འབྲིང་ཆུང་གི་མ་དངུལ་དོན་འཁྱོལ་སྲོལ་ཡིག་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ། ཁེ་ལས་འབྲིང་ཆུང་གི་མ་དངུལ་དོན་འཁྱོལ་སྲོལ་ཡིག་ཁྱབ་སྒྲོག་བྱས་ཏེ། ཁེ་ལས་འབྲིང་ཆུང་གི་མ་དངུལ་དོན་འཁྱོལ་ལ་འགན་སྲུང་བྱེད་པར་ཕྱོགས་གསུམ་ནས་ཚད་ལྡན་དུ་བཏང་། གཅིག གན་རྒྱ་འཇོག་པ་དང་མ་དངུལ་འགན་སྲུང་ཚད་ལྡན་དུ་བཏང་ནས་མ་དངུལ་གཏོང་བའི་མགོ་ཁོངས་བཅོས་སྐྱོང་ལ་ཤུགས་སྣོན་དགོས། གཉིས། དངུལ་གཏོང་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་མ་དངུལ་ཆད་ལ་འཇོག་པར་དོགས་ཟོན་བྱེད་དགོས། གསུམ། ཡིད་རྟོན་ལྟ་རྟོག་དང་ཞབས་ཞུའི་འགན་སྲུང་ལ་ཤུགས་སྣོན་དགོས་པ་བཅས་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།