ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བདུན་པའི་ཚེས་བཅུ་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་བཞུགས་མོལ་ཚོགས་འདུ་བསྡུས། ཁོང་གིས་བསྟན་དོན། ད་ལོར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བར་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཤིང་། རང་རྒྱལ་གྱི་དཔལ་འབྱོར་ཁེ་ལས་བརྟན་འཇགས་དང་བསྐྱར་འཕར་བྱུང་བ་དང་། སྦས་ཤུགས་སྔོག་འདོན་དང་མཉེན་ཆ་དྲག་པོ་ལྡན་པའི་ཁྱད་ཆོས་མངོན་པར་བྱས་ནས། ལོ་ཧྲིལ་བོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་བཏིངས། གོ་རིམ་རྗེས་མར་མུ་མཐུད་དུ་ཀླད་པ་གསལ་བོ་བྱེད་པ་དང་གནས་བབ་ལ་ཞིབ་བརྡར་བྱེད་པར་ཤུགས་སྣོན་དགོས་ལ། རྒྱུན་རྣམ་ཅན་གྱི་རིམས་འགོག་བྱ་བ་བཟང་བོར་བསྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག བརྟན་འཇགས་དྲུག་དང་འགན་སྲུང་དྲུག་ལ་དམ་པོར་དམིགས་ཏེ། སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་དངོས་འབེབས་བྱས་ནས་གྲུབ་འབྲས་ཐོབ་པར་བྱེད་དགོས་པར་མ་ཟད། ཧུར་ཐག་སྒོས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་དགོས།

ཧན་ཀྲིན་གྱིས་བསྟན་དོན། དམིགས་འབེན་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས། མཇུག་འབྲས་ཁྲིད་ཕྱོགས་ལ་སྔར་ལས་ཡིད་འཇོག་བྱས་ཏེ། དམིགས་འབེན་དང་ལས་འགན་གཏན་འཁེལ་ཞིབ་མོ་བྱེད་པ་དང་། གནད་འཁེལ་སྲིད་ཇུས་ལག་བསྟར་བྱེད་པར་ཤུགས་སྣོན་ཞིང་ཕྱོགས་སོ་སོའི་བྱ་བ་བཟང་བོར་བསྒྲུབ་པར་གཅིག་གྱུར་སྒོས་འཆར་འགོད་བྱེད་དགོས། ཆེ་ཕྱོགས་སྲིད་ཇུས་ཀྱི་མཐུན་སྦྱོར་རྐྱེན་སྲོལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཐོན་ལས་འབྲེལ་ཐག་དང་ལས་ཐོན་སླར་གསོ་མཐུན་སྦྱོར་བྱེད་པར་སྔར་ལས་ཡིད་འཇོག་བྱས་ནས། ཧུར་ཐག་སྒོས་རྒྱལ་སྤྱིའི་ཐོན་ལས་འབྲེལ་ཐག་དང་མཁོ་འདོན་འབྲེལ་ཐག་བརྟན་འཇགས་མིན་པའི་ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་འཇལ་དགོས། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྡོད་དམངས་ལས་ཞུགས་འགན་སྲུང་དང་གཞི་རྩའི་དམངས་ཚིས་འགན་སྲུང་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་སྔར་ལས་ཡིད་འཇོག་བྱས་ཏེ། ལས་གཞི་གཙོ་བོ་དམ་འཛིན་བྱེད་པ་དང་ནུས་ལྡན་སྒོས་ཉེན་ཁར་དོགས་ཟོན་བྱེད་དགོས། འཐབ་ཇུས་ཀྱི་མཐོ་ཚད་ནས་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱེད་པར་ཤུགས་སྣོན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་ཞུ་བསྒྲུབ་པར་སྔར་ལས་ཡིད་འཇོག་བྱེད་དགོས་ཟེར།

ཧི་ལིས་ཧྥིན་གོང་གི་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།