ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་བསྒྲགས་པུའུ་སོགས་སྡེ་ཚན་བརྒྱད་ཀྱིས་མཉམ་དུ་བརྡ་ཐོ་བཀྲམ་ནས་དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུའི་བཀོད་སྒྲིག་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་རྩ་འཛུགས་པུའུ། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་། སློབ་གསོ་པུའུ། ཁྲིམས་འཛིན་པུའུ། རྒྱལ་ཡོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་དོན་ཁང་སོགས་སྡེ་ཚན་གྱིས་མཉམ་དུ་བརྡ་ཐོ་བཀྲམ་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》སློབ་སྦྱོང་དང་དྲིལ་བསྒྲགས་ལས་དོན་བཀོད་སྒྲིག་བྱས་པ་རེད།

བརྡ་ཐོའི་ནང་བསྟན་དོན། དམངས་དོན་ཁྲིམས་གཞུང་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི“ཁྲིམས་གཞུང”ཐོག་ནས་མིང་བཏགས་པའི་བཅའ་ཁྲིམས་དང་པོ་དེ་ཡིན་པ་དང་། དེ་ནི་དུས་རབས་གསར་པའི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་འཛུགས་སྐྱོང་གི་གྲུབ་འབྲས་གལ་ཆེན་ཡིན་པས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད་ལ་དེ་ནི་རྩ་བ་བརྟན་ཚུགས་དང་། སྔོན་དཔག་བརྟན་པོ། ཕུགས་ལ་ཕན་པ་བཅས་ཀྱི་རྨང་གཞིའི་རང་བཞིན་གྱི་བཅའ་ཁྲིམས་ཤིག་ཀྱང་རེད། རྒྱལ་ཡོངས་སུ་དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་སྒོ་གཏིང་ཟབ་སྤེལ་སྐབས་ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ལྷག་པར་དུ་དམངས་དོན་ཁྲིམས་གཞུང་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ། དམངས་དོན་ཁྲིམས་གཞུང་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ། དམངས་དོན་ཁྲིམས་གཞུང་གི་གཞི་རྩའི་རྩ་དོན་དང་ནང་དོན་གཙོ་བོ་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བཅས་བྱས་ཐོག་དམངས་དོན་ཁྲིམས་གཞུང་མང་ཚོགས་ཀྱི་འགྲམ་དུ་འཁྱོལ་བ་དང་མང་ཚོགས་ཀྱི་སེམས་ལ་ཟུག་པར་བྱེད་དགོས།

བརྡ་ཐོའི་ནང་བླང་བྱ་བཏོན་དོན། དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་བྱས་ཏེ་སྤྱི་ཚོགས་ཡོངས་སུ་བཅའ་ཁྲིམས་ལ་བརྩི་འཇོག་དང་། བཅའ་ཁྲིམས་སྦྱོང་བ། བཅའ་ཁྲིམས་སྲུང་བ། བཅའ་ཁྲིམས་སྤྱོད་པ་བཅས་ཀྱི་ཁོར་ཡུག་བཟང་པོ་སྐྲུན་དགོས། རྒྱུན་རྣམ་ཅན་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་བླང་བྱ་ལྟར་ས་ཁུལ་དེ་ག་དང་སྡེ་ཚན་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་དང་སློབ་གསོའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཏེ་དམངས་དོན་ཁྲིམས་གཞུང་ལས་ཁུངས་དང་། ཤང་དང་གྲོང་ཚོ། སྡེ་ཁུལ། སློབ་གྲྭ ཁེ་ལས། ཚན་པ་བཅས་སུ་ཁྱབ་གདལ་བཏང་སྟེ་དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་བྱ་རྒྱུ་དེ་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་གཡུལ་ས་ཁག་ཏུ་མཉམ་འདྲེས་ཐུབ་པ་བྱེད་པ་དང་དམངས་དོན་ཁྲིམས་གཞུང་མི་དམངས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་ཁྲོད་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། གསར་འགྱུར་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་གཅིག་སྡུད་དྲིལ་བསྒྲགས་དང་རྒྱུན་རྣམ་ཅན་གྱི་དྲིལ་བསྒྲགས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་རིམ་ཁག་ཏང་གི་ཚགས་པར་དང་། ཏང་གི་དུས་དེབ། རླུང་འཕྲིན་ལས་ཁུངས། བརྙན་འཕྲིན་ལས་ཁུངས་བཅས་དང་དེ་བཞིན་དེའི་ཁོངས་གཏོགས་ཀྱི་དྲ་ཚིགས་དང་སྨྱན་སྦྱོར་གསར་པ་ཇུས་འགོད་ཞིབ་ཚགས་དང་གཅིག་སྡུད་ཐོག་གནས་ཚུལ་འགོད་རྒྱུ་སྒྲིག་འཛུགས་བྱས་ཏེ་དབང་གྲགས་བཅར་གླེང་ཁྱབ་གདལ་དང་ཆེད་སྒྲིག་ལེ་ཚན་བཏོད་པ་དང་རིམ་སྤེལ་དཔྱད་གཏམ་གྱི་དཔྱད་བརྗོད་དང་རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག་འདོན་པ། དྲ་རྒྱའི་དྲིལ་བསྒྲགས་ཧུར་ཐག་བྱས་ཏེ་དྲ་ཚིགས་དང་། དཔོད་ཆུང་། སྐད་འཕྲིན། ལག་ཁྱེར་ཁ་པར་གྱི་དུད་སྣེ་སོགས་དེང་དུས་ཁྱབ་སྤེལ་ལས་སྟེགས་སྣ་ཚོགས་ལ་བརྟེན་ནས་ཡིག་རིགས་དང་། པར་རིས། བརྙན་ལམ་སོགས་རྣམ་པ་བརྒྱུད་བབ་བསྟུན་གསོན་ཉམས་དོད་པའི་དྲ་ཐོག་དྲིལ་བསྒྲགས་བྱེད་པ་དང་དམངས་དོན་ཁྲིམས་གཞུང་གི་དྲ་རྒྱའི་རིག་གནས་ཐོན་ཟོག་གསར་གཏོད་ཞིབ་ཚགས་བྱས་ཏེ་དྲ་རྒྱའི་འཆད་ཁྲིད་དང་། དྲ་རྒྱའི་བཅར་གླེང་། དྲ་ཐོག་འགྲེམས་སྟོན་སོགས་བྱས་ནས་དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཀྱི་ཡིད་དབང་འཕྲོག་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ། གཙོ་གནད་ཚོགས་སྤྱིར་དྲིལ་བསྒྲཌ་སློབ་གསོ་རྒྱག་རྒྱུར་དམ་འཛིན་བྱས་ཏེ་དམངས་དོན་ཁྲིམས་གཞུང་འགོ་ཁྲིད་ལས་བྱེད་པའི་བཅའ་ཁྲིམས་སྦྱོང་བའི་སྦྱོང་དགོས་ངེས་ཀྱི་སློབ་ཚན་ནང་འཇུག་པ། འགོ་ཁྲིད་ལས་བྱེད་པའི་ལོ་འཁོར་གྱི་བཅའ་ཁྲིམས་སྐོར་གྱི་སྙན་ཞུའི་ནང་དོན་གལ་ཆེན་ལ་བརྩི་བ། དམངས་དོན་ཁྲིམས་གཞུང་རྒྱལ་དམངས་སློབ་གསོའི་མ་ལག་ནང་བཅུག་ནས། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ཁྲིམས་སྐྱོང་སློབ་གསོའི་ཁྲོད་དམངས་དོན་ཁྲིམས་གཞུང་གིས་བཟུང་བའི་བསྡུར་ཚད་ཆེ་རུ་གཏོང་བ། རིགས་པའི་གཞུང་ལུགས་ཞིབ་འཇུག་དང་གསལ་འགྲེལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། གཞི་རིམ་མང་ཚོགས་ཀྱི་དང་ལེན་གོམས་གཤིས་དང་མཐུན་པའི་གོ་བདེ་རྟོགས་སླའི་རིགས་པའི་གཞུང་ལུགས་ཀྱི་ཀློག་དེབ་བཟོ་བ། ལག་ལེན་གྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས“སུས་བཅའ་ཁྲིམས་ལག་བསྟར་བྱས་ཚེ་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས། དམངས་དོན་ཁྲིམས་གཞུང་ཁྲིམས་སྐྱོང་ལག་ལེན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་པ་དང་ཁྲིམས་དཔོན་དང་། ཞིབ་དཔྱོད་དཔོན། སྲིད་འཛིན་ཁྲིམས་སྐྱོང་མི་སྣ། ཁྲིམས་རྩོད་པའི་གྱོད་གཞིར་གཞིགས་ནས་ཁྲིམས་དོན་འགྲེལ་བཤད་རྒྱག་པ་བཅས་ཀྱི་ལམ་ལུགས་ཁྱབ་གདལ་བཏང་ཐོག མི་རྣམས་ཀྱིས་གནད་དོན་ཐག་གཅོད་བྱེད་རིང་དམངས་དོན་ཁྲིམས་གཞུང་གི་ཤེས་བྱ་སྦྱངས་ཏེ་དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་དྲིལ་བསྒྲགས་སློབ་གསོའི་ཚ་རླབས་མགྱོགས་མྱུར་འཕྱུར་བ་བྱེད་དགོས་པ་བཅས་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།