ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་པུའུ་རིམ་པའི་ལས་དོན་ཚོགས་ཆུང6མངགས་ནས་འབྲུབ་འགོག་གེགས་སེལ་ལས་དོན་ལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ།​

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས13ཉིན་གསར་འགོད་པས་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔའི་ཛ་དྲག་གི་འབྲུབ་འགོག་དུས་བབ་ལ་དམིགས་ནས་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་པུའུ་རིམ་པའི་ལས་དོན་ཚོགས་ཆུང6ཇེ་མང་དུ་བཏང་ནས་སྤྱི་བདེ་པུའུ་དང་རང་བྱུང་ཐོན་ཁུངས་པུའུ། ཆུ་བེད་པུའུ། འཕྲལ་སྡོམ་དོ་དམ་པུའུ། ཀྲུང་གོ་གནམ་གཤིས་ཅུའུ་སོགས་པུའུ་ཨུ་ཡི་འགན་འཁུར་བློ་མཐུན་གྱིས་རུ་སྣེ་འཁྲིད་དེ་ཅང་ཞི་དང་ཨན་ཧུའེ། ཧུའུ་ནན། ཧུའུ་པེ། ཅང་སུའུ། ཀྲེ་ཅང་། ཁྲུང་ཆིང་སོགས་གཙོ་གནད་ས་ཁུལ7ལ་བསྐྱོད་ནས་འབྲུབ་འགོག་གེགས་སེལ་ལས་དོན་ལ་མཛུབ་ཁྲིད་དང་ཞིབ་བཤེར་བྱ་རྒྱུ་རེད།

གཞན་ཡང་ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་ཚེས13ཉིན་ཅང་ཞི་དང་ཨན་ཧུའེ། ཧུའུ་པེ། ཧུའུ་ནན། ཁྲུང་ཆིང་བཅས་ཞིང་ཆེན(གྲོང་ཁྱེར)ལྔ་ལ་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར6སྤྲད་པ་རེད། ཚེས13ཉིན་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་གཉིས་ཀྱིས་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུའུ་དང་མཉམ་དུ་ཅང་ཞི་ཞིང་ཆེན་དུ་ཀམ་པ་ལི5000དང་། ཉལ་ཐུལ5000། ལྟེབ་ཁྲི5000། རས་གུར2000བཅས་བཀོད་སྒྲིག་གནང་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།