ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར་21.84བཏང་ནས་དབུས་ནུབ་རྒྱུད་ཀྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་དགེ་རྒན་གསོ་སྦྱོང་ལ་རྒྱབ་སྐྱོར་བྱས་པ།

ཡོང་ཁུངས། : བོད་ལྗོངས་གསར་འགྱུར་དྲ་བ།     སྤེལ་དུས། : 2020-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།《གྲོང་གསེབ་ཀྱི་དགེ་རྒན་ལ་རྒྱབ་སྐྱོར་གྱི་འཆར་གཞི(2015ལོ་ནས་2020ལོ་བར)》ལག་བསྟར་དོན་འཁྱོལ་བྱས་ནས་གྲོང་གསེབ་དགེ་རྒན་དཔུང་ཁག་གི་བྱང་ཚད་མུ་མཐུད་མཐོ་རུ་གཏོང་ཆེད། ཉེ་ཆར་ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར་21.84བཏང་སྟེ། དབུས་ནུབ་རྒྱུད་ཀྱི་ས་ཁུལ་གྱིས་ལས་བྲལ་ཞིབ་འཇུག་ཟབ་སྦྱོང་དང་། དྲ་རྒྱའི་རིག་ནུས་ཞིབ་འཇུག་ཟབ་སྦྱོང་ལས་སྟེགས། གཅིག་གཏད་གཅིག་གི་རོགས་སྐྱོར། གྲགས་ཅན་སློབ་གྲྭར་ཟབ་སྦྱོང་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད། གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་དང་། བུ་བཅོལ་ཁང་གི་དགེ་རྒན་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།

འདི་ལོ་ཀྲུང་དབྱང་ནོར་སྲིད་ཀྱིས་བཏང་བའི་མ་དངུལ་དེའི་གྲངས་བཅད་ལོ་གོང་མ་ལས་སྒོར་དུང་ཕྱུར་1.99མང་དུ་སོང་ནས་10%འཕར་བ་དང་། མ་དངུལ་བགོ་བཤའ་རྒྱག་སྐབས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་རེད། ནོར་སྲིད་པུས་ཞིང་ཆེན་རིམ་པའི་ནོར་སྲིད་དང་སློབ་གསོའི་སྡེ་ཚན་ལ་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་ཀྱི་ནུས་པ་ཏན་ཏིག་ངང་འདོན་སྤེལ་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དགོས་མཁོ་དང་ས་གནས་དེ་གའི“སློབ་མཚམས་བཞག་ཀྱང་སློབ་ཁྲིད་བྱེད་མཚམས་མི་འཇོག་པའི”ལས་ཀའི་བཀོད་སྒྲིག་གཞིར་བཟུང་། གསོ་སྦྱོང་རྣམ་གྲངས་དང་འགྲོ་གྲོན་སྔོན་རྩིས་བཀོད་སྒྲིག་བྱེད་སྟངས་ལུགས་མཐུན་ངང་ལེགས་སྒྲིག་བྱས་ཏེ། དགེ་རྒན་གྱི་དྲ་ཐོག་གསོ་སྦྱོང་བྱེད་སྒོ་བབ་བསྟུན་བཀོད་སྒྲིག་བྱེད་པ་དང་འབྲེལ་ནུས་ལྡན་ངང་སྤེལ་ནས་དགེ་རྒན་གྱིས་སློབ་གསོ་སློབ་ཁྲིད་ཀྱི་ལས་གནས་ལ་གཞི་ཚུགས་ཏེ། རིམས་ནད་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་རྒྱབ་སྐྱོར་བྱེད་དགོས་པ་དང་།“ཁུལ་གསུམ་དང་ཀྲོའུ་གསུམ”སོགས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་མུ་མཐུད་གཟིགས་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། 2010ལོ་ནས་བཟུང་རྒྱལ་ཁབ་ཀྱིས་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་དགེ་རྒན་གྱི་རྒྱལ་ཁབ་རིམ་པའི་གསོ་སྦྱོང་འཆར་གཞི་ལག་བསྟར་བྱས་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་དབུས་ནུབ་ས་ཁུལ་གྱིས་ལས་དོན་སྤེལ་བར་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། 2010ལོ་ནས་2020ལོའི་བར་ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་180བཀོད་སྒྲིག་བྱ་རྒྱུ་ཡིན་པའི་ནང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་སྒོར་དུང་ཕྱུར་101བཀོད་སྒྲིག་བྱས་པ་དེས་བསྡུར་ཚད་ཀྱི་56%བཟུང་ཡོད། 2019ལོའི་ལོ་མཇུག་བར། རིམ་རྩིས་བྱས་ན་ས་གནས་ཀྱིས་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་དགེ་རྒན་དང་། སློབ་སྤྱི། ཡོན་ཀྲང་བཅས་མི་ཐེངས་ཁྲི་1500ལྷག་ཙམ་གསོ་སྦྱོང་བྱེད་པར་རྒྱབ་སྐྱོར་བྱས་པ་དང་གྲོང་གསེབ་ཀྱི་དགེ་རྒན་ལ་རེས་སྐོར་གཅིག་ལས་བརྒལ་བའི་ཁྱོན་ཡོངས་ལ་ཁྱབ་པའི་གསོ་སྦྱོང་བྱས་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།