ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ནོར་སྲིད་པུའུ་ནས་ནོར་ཁྲལ་ལས་ཁུངས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་བཅུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ནོར་སྲིད་པུའུ་ནས་ནོར་ཁྲལ་ལས་ཁུངས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱེད་པ་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་རེ་བ་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་དགོས་ལ། ཏན་ཏན་ཏིག་ཏིག་སྒོས་བརྟན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པ་དང་འགན་སྲུང་དྲུག་གི་ལས་འགན་ཁྱོན་ཡོངས་ནས་དངོས་འབེབས་བྱས་ནས། ལོ་ཧྲིལ་བོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་རྒྱུ་འགན་སྲུང་བྱེད་དགོས།

ཧན་ཀྲིན་གྱིས་བསྟན་དོན། ད་ལོའི་ཚུན་ལ། ནོར་ཁྲལ་ལས་ཁུངས་ཀྱིས་ཕན་ནུས་ལྡན་པའི་ནོར་སྲིད་སྲིད་ཇུས་སྣ་ཚོགས་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ནས། ཕྱོགས་སོ་སོའི་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། གོམ་རིམ་རྗེས་མར་ཁྱོན་ཡོངས་ཀྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། རོགས་ལས་གཞོགས་འདེགས་ལ་ཤུགས་སྣོན་ཞིང་སྲིད་ཇུས་མཉམ་ཤུགས་ཆགས་པར་བྱེད་པ་དང་། སྲིད་ཇུས་ཀྱི་ཕན་ནུས་ཇེ་ཆེར་བཏང་ནས། དཔལ་འབྱོར་བརྟན་བརླིང་སྒོས་འཁོར་སྐྱོད་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་འཇགས་ཡོང་བར་ནུས་ལྡན་འདེགས་ཤུགས་འདོན་སྤྲོད་བྱེད་དགོས།

ཧན་ཀྲིན་གྱིས་བསྟན་དོན། ངོས་འཛིན་གནས་བབ་གསལ་བོར་ཤེས་པར་བྱས་ནས་ཚད་མཐའི་བསམ་ཕྱོགས་བརྟན་པོར་འཛུགས་དགོས། བརྟན་འཇགས་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། རྦད་ཆོད་སྒོས་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གཏོང་དགོས་ལ། རང་ཉིད་ཀྱི་དོན་དག་བཟང་བོར་བསྒྲུབ་པ་དང་། རང་སྟོབས་ཁྲོད་དུ་རང་འགུལ་ཐོབ་པར་བྱས་ནས་དཔལ་འབྱོར་གྱི་གཞི་རྩའི་བསམ་བཀོད་བརྟན་སྲུང་བྱེད་དགོས། མཁྲེགས་གཏོར་འཐབ་ཇུས་ཆེན་པོ་གསུམ་ལག་བསྟར་བཟང་བོ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་པ་དང་། ཁུལ་ཁོངས་འཕེལ་རྒྱས་འཐབ་ཇུས་གལ་ཆེན་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པར་མ་ཟད། དམིགས་ཡུལ་ཡོད་པའི་སྒོ་ནས་ཁུལ་ཁོངས་འཕེལ་རྒྱས་ཁྲོད་དུ་ཐུག་པའི་གནད་དོན་གསར་བ་ཐག་གཅོད་དགོས། ནོར་སྲིད་གཏོང་ཡོང་ལ་དོ་དམ་བཟང་བོ་བྱེད་པ་དང་། རྗེས་འདེད་ལྟ་རྟོག་བྱ་བ་གཙིགས་འཛིན་བྱས་ནས་ནོར་སྲིད་མ་དངུལ་བཀོལ་སྤྱོད་དང་ཕན་འབྲས་མཐོར་འདེགས་སུ་གཏོང་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།