ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《〈ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ〉དེབ་གསུམ་པ་སློབ་སྦྱོང་སྒྲིག་འཛུགས་ནན་ཏན་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་རྩ་འཛུགས་པུའི་བརྡ་ཐོ》བརྒྱུད་འགྲེམས་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《〈ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ〉དེབ་གསུམ་པ་སློབ་སྦྱོང་སྒྲིག་འཛུགས་ནན་ཏན་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་རྩ་འཛུགས་པུའི་བརྡ་ཐོ》བརྒྱུད་འགྲེམས་བྱས་པ་མ་ཟད། ད་དུང་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་སོ་སོའི་དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་རྒྱུའི་བླང་བྱ་ཡང་བཏོན་པ་རེད།

《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གསུམ་པའི་ནང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འཕོ་འགྱུར་ཆེན་པོར་དམིགས་ཐོག ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས། རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་འདུ་འགོད། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་གཅིག་འདོམས་དང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་གལ་ཆེའི་འཕེལ་རིམ་གསར་པ་ཐོབ་པའི་རླབས་ཆེན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་གཅིག་སྡུད་ཐོག་མངོན་པ་བཅས་བྱས་ནས། རང་རེའི་ཏང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་ཐད་བཏོན་པའི་ཐབས་མཁས་ཀྱི་ཇུས་གཞི་གང་ལེགས་མཚོན་ཡོད་པས། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་མཚོན་པའི་དབང་གྲགས་ཅན་གྱི་གསུང་རྩོམ་ཞིག་ཡིན་པ་རེད།

《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་གསུམ་པ་པར་འགྲེམས་བྱས་པ་དེ། རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱ་རྒྱུར་སྐུལ་འདེད་བཏང་ཐོག་དེའི་ནང་ཁྱབ་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ་དང་བྱེད་ཐབས་བཅས་ཁོང་དུ་ཡག་པོ་ཆུད་པར་བྱས་ནས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱ་རྒྱུ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་དགོངས་པ་གལ་ཆེན་འདིའི་ནང་དོན་གཙོ་བོ་ཁོང་དུ་སྔར་བས་ཡག་པོ་ཆུད་པ་དང་། ཀྲུང་གོ་གུང་ཁྲན་ཏང་འཇོན་པོ་དང་། མར་ཁེ་སིའི་རིང་ལུགས་ཡང་དག་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་པ་བཅས་ཀྱི་རྒྱུ་མཚན་ངོས་འཛིན་དང་ཤེས་རྟོགས་ཟབ་ཏུ་གཏོང་རོགས་བྱེད་པར་མཚོན་ན། དོན་སྙིང་གལ་ཆེན་ལྡན་ཡོད།

《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་གསུམ་པ་སློབ་སྦྱོང་ནན་ཏན་བྱ་རྒྱུ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་དེ་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་མི་དམངས་ལ་སློབ་གསོ་གཏོང་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། རིམ་ཁག་ཏང་རྩ་འཛུགས་ཀྱིས་སྒྲིག་འཛུགས་ཞིབ་ཚགས་དང་བཀོད་སྒྲིག་ཡག་པོ་བྱས་ཐོག《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་གསུམ་པ་དེ་དེབ་དང་པོ་དང་གཉིས་པ་དང་མཉམ་དུ་ཧྲིལ་པོ་གཅིག་ལ་བརྩིས་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོར་མ་རྩོམ་ཀློག་པ་དང་མ་ཡིག་སྦྱངས་ནས་རྩ་བའི་རིག་པ་རྟོགས་པར་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་གསུམ་པ་དེ་སློབ་སྦྱོང་གི་འཆར་གཞིའི་ནང་བཅུག་ཐོག་ཕྱོགས་ཡོངས་ནས་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱེད་པ་དང་། བསམ་གཞིག་གཏིང་ཟབ་བཏང་ནས་སློབ་སྦྱོང་བྱེད་པ། དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བཅས་བྱས་ཏེ། ཆབ་སྲིད་ཀྱི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། སློབ་སྦྱོང་གི་ཕན་འབྲས་དེ་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པ་དང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཅོས་སྒྲིག་ནུས་པ་དང་ལས་ཀའི་ཆུ་ཚད་དུ་འགྱུར་བར་བྱེད་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།