ཀྲུང་གོ་བོད་ཀྱི་དྲ་བ།

ཀྲེ་ཅང་གིས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་གོ་མིང་རང་བརྟེན་དཔྱད་བསྡུར་གདན་ཞུའི་ཚོད་ལྟ་བྱེད་རྒྱ་ཆེ་རུ་གཏོང་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས7ཉིན་གསར་འགོད་པར་ཀྲེ་ཅང་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར། ཀྲེ་ཅང་གིས2020ལོར་གཞི་ཁྱོན་སྔར་ལས་ཆེ་བའི་སྒོ་ནས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་གོ་མིང་རང་བརྟེན་དཔྱད་བསྡུར་གདན་ཞུའི་སྒྱུར་བཅོས་ཚོད་ལྟ་བྱས་ཏེ། ཚན་རིག་དང་མཐུན་པའི་གདེང་འཇོག་དང་། ཕྱོགས་སྟོན་ཡང་དག འགྲན་རྩོད་ལེགས་འདེམས། གོ་མིང་སྤོར་གཅོག་གཉིས་ཀ་བྱེད་ཐུབ་པའི་མི་སྤྱོད་ལམ་སྲོལ་རིམ་བཞིན་ཆགས་པར་བྱས་ནས་དཔྱད་རྩོམ་དང་ཞིབ་འཇུག་བྱ་གཞི་དེ་ཚོད་འཛིན་རང་བཞིན་ལ་གདེང་འཇོག་བྱེད་པའི་ཆ་རྐྱེན་ལ་མི་བརྩི་བར་ཕུལ་བྱུང་ན་གཞོན་དགེ་རྒན་འབུར་དུ་ཐོན་རྒྱུར་སྐུལ་ལྕག་བྱ་རྒྱུ་རེད།

ཀྲེ་ཅང་ཞིང་ཆེན་སློབ་གསོ་ཐིང་གཞུང་ལས་ཁང་དང་ཀྲེ་ཅང་ཞིང་ཆེན་མི་སྤྱི་ཐིང་གཞུང་ལས་ཁང་གིས་ཁྱབ་བསྒྲགས་བྱས་པའི་2020ལོའི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་གོ་མིང་རང་བརྟེན་དཔྱད་བསྡུར་གདན་ཞུའི་སྒྱུར་བཅོས་ཚོད་ལྟའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་གཞིར་བཟུང་། 2020ལོའི་ཀྲེ་ཅང་ཞིང་ཆེན་གྱི་མཐོ་རིམ་སློབ་འབྲིང་དཀྱུས་མ་རྩ་དོན་ཐོག་རང་བརྟེན་དཔྱད་བསྡུར་གདན་ཞུའི་སྒྱུར་བཅོས་ཕྱོགས་ཡོངས་ལ་ཁྱབ་རྒྱུ་དང་། དམངས་གཉེར་མཐོ་རིམ་སློབ་འབྲིང་དཀྱུས་མར་རྩ་དོན་ཐོག་ཚང་མ་རང་བརྟེན་དཔྱད་བསྡུར་གདན་ཞུའི་སྒྱུར་བཅོས་ཁྱབ་ཁོངས་ནང་འཇུག་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཚོད་ལྟའི་སློབ་གྲྭས་ཆེད་ལས་ལག་རྩལ་ལས་གནས་རིམ་པ་བཞིན་སྤོར་རྒྱུའི་རྩ་དོན་དོན་འཁྱོལ་བྱེད་པའི་རྨང་གཞིའི་ཐོག་ཕུལ་བྱུང་དགེ་རྒན་རིམ་པ་འོག་མའི་ལས་གནས་གདན་ཞུའི་དུས་ཡུན་མ་ལོན་པའམ་ཡང་ན་ལས་གནས་ཀྱི་རིམ་པ་ལས་བརྒལ་ནས་གདན་ཞུ་བྱེད་པའི་ཆ་རྐྱེན་དང་སྒྲིག་སྲོལ་ཞིབ་འཇུག་བྱས་ནས་བཟོ་རྒྱུ་རེད། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་མཚོན་རྟགས་རང་བཞིན་གྱི་ལས་ཀའི་གྲུབ་འབྲས་ཐོབ་པའི་དགེ་རྒན་དང་དེ་བཞིན་དགེ་རྒན་གྱི་ཀུན་སྤྱོད་ཧ་ཅང་མངོན་གསལ་དོད་པའི་དགེ་རྒན་རྣམས་གདེང་འཇོག་ཁྲོད་གང་ལེགས་མཚོན་པར་བྱས་ཏེ་ཆེས་ཕུལ་བྱུང་དགེ་རྒན་ཐད་ཀར་གདན་ཞུ་བྱེད་ཐབས་འཚོལ་ཞིབ་བྱས་ནས་འཛུགས་རྒྱུ་རེད།

གདེང་འཇོག་ཚད་གཞི་དང་གདེང་འཇོག་བྱེད་ཐབས་ཐད། ཀྲེ་ཅང་གིས་སློབ་ཁང་དུ་སློབ་ཁྲིད་བྱ་རྒྱུ་དེ་དགེ་རྒན་ལ་གདེང་འཇོག་བྱེད་པའི་གཞི་འཛིན་ས་གཙོ་བོར་བརྩིས་ནས་འཛིན་གྲྭའི་ཀྲུའུ་རེན་སོགས་མི་སྐྱོང་ལས་ཀའི་གདེང་འཇོག་བྱེད་དབང་ཆེ་རུ་གཏོང་བ་ལས་དཔྱད་རྩོམ་དང་ཞིབ་འཇུག་བྱ་གཞི་དེ་ཚོད་འཛིན་རང་བཞིན་གྱི་ཆ་རྐྱེན་དུ་བརྩི་མི་རུང་། དགེ་རྒན་ལ་དཔྱད་ཞིབ་བྱས་འབྲས་བཀོལ་སྤྱོད་དང་སློབ་གསོ་དང་སློབ་ཁྲིད་བརྒྱུད་རིམ་ལ་གདེང་འཇོག་ཞིབ་ཚགས་བྱེད་ཤུགས་ཆེ་རུ་བཏང་ནས་དཔྱད་འདེམས་ནང་ཞུགས་མཁན་དགེ་རྒན་གྱི་སློབ་ཚན་ཐེངས་གཅིག་ཉན་ནས་སྐར་མ་རྒྱག་པའམ་ཡང་ན་སློབ་གསེང་གི་བྱ་བ་བརྙན་ཕབ་བྱས་ནས་གདེང་འཇོག་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱོད་མི་རུང་། དགེ་རྒན་གྱིས་སེམས་ནུས་གཙོ་བོ་རྒྱུན་གཏན་གྱི་སློབ་གསོ་སློབ་ཁྲིད་ལས་དོན་ཁྲོད་འཇོག་རྒྱུར་ཁྲིད་སྟོན་ཏན་ཏིག་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།