སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་རྡོ་སྣུམ་སློབ་ཆེན་ཁེ་ལ་མ་དབྱི་སློབ་ཁུལ་གྱི་མཐར་ཕྱིན་སློབ་མར་འཕྲིན་ལན་སྤྲིངས་བར་རྒྱ་ཆེའི་དགེ་སློབ་ཚོས་དོ་སྣང་ཆེན་པོ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས7ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་རྡོ་སྣུམ་སློབ་ཆེན(པེ་ཅིང)ཁེ་ལ་མ་དབྱི་སློབ་ཁུལ་གྱི་མཐར་ཕྱིན་སློབ་མར་འཕྲིན་ལན་སྤྲིངས་ནས། ཁོང་ཚོས་མཐའ་མཚམས་གཞི་རིམ་དུ་ལས་ཀ་བྱེད་པར་བསྐྱོད་རྒྱུའི་གདམ་གསེས་དེར་ཁས་ལེན་གནང་བར་མ་ཟད། རྒྱ་ཆེའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་རེ་བ་ཆེན་པོ་བཅོལ་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ནན་ཏན་གྱིས་རྒྱ་ཆེའི་སློབ་མ་རྣམས་ལ་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག ཚང་མས་བྱ་སྤྱོད་ངོ་མའི་ཐོག་ནས་དུས་རབས་ཀྱི་འགན་འཁྲི་ཁུར་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་བློ་སྟོབས་ཆེན་པོས་འབད་འཐབ་བྱེད་དགོས་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

ཁེ་ལ་མ་དབྱི་ཞེས་པའི་ཡུ་གུར་སྐད་ཀྱི་ནང་དོན་ནི“སྣུམ་ནག”ཅེས་པ་དེ་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག་པའི་དུས་སུ། མེས་རྒྱལ་ས་གནས་ཁག་ནས་ཡོང་བའི་གཞོན་ནུ་རྡོ་སྣུམ་མི་སྣས་ས་གཞི་དེའི་ཐོག་རྩ་བ་ཚུགས་ནས་འབད་འཐབ་བྱས། ཀྲུང་གོ་རྡོ་སྣུམ་སློབ་ཆེན(པེ་ཅིང)ཁེ་ལ་མ་དབྱི་སློབ་ཁུལ་དུ་ད་ལོའི་སྐབས་དང་པོའི་དངོས་གཞིའི་ཚན་ཁག་གི་མཐར་ཕྱིན་སློབ་མ་བཞི་བརྒྱ་ལྷག་ཙམ་ཡོད། སློབ་མ་དེ་དག་ཞིང་ཆེན་བཅུ་དྲུག་ནས་ཡིན་པ་དང་། ཁོ་ཚོའི་ཁྲོད་ཀྱི་གསུམ་ཆའི་གཅིག་ཙམ་གྱིས་རང་མོས་ངང་ཤིན་ཅང་དུ་གཞི་རིམ་གྱི་ལས་དོན་གདམ་ག་བྱས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སྤྲིངས་པའི་འཕྲིན་ཡིག་ནང་དུ། སློབ་གྲོགས་ཚོས་ནུབ་རྒྱུད་དུ་གཞི་ཚུགས་པ་དང་མཐའ་མཚམས་འཛུགས་སྐྲུན་བྱེད་པའི་ཆོད་སེམས་མཚོན་པར་བྱས། སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་འབྱོར་རྗེས་སློབ་གྲོགས་ཚོར་སེམས་འགུལ་ཆེན་པོ་ཐེབས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ལན་ནང་བསྟན་དོན། པྲོག་དབྱིབས་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་དྲག་པོ་འདིས་ཁྱེད་ཚོའི་སྐབས་འདིའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་སྦྱོང་བརྡར་ཐེབས་པ་དང་གྲུབ་འབྲས་ཐོབ་ཡོད། མདུན་སྐྱོད་ཀྱི་ལམ་བུ་དེ་གེགས་མེད་བདེ་བགྲོད་ཡོང་མི་སྲིད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་གཞོན་ནུ་ཚོས་མི་རབས་ནས་མི་རབས་བར་འབད་འཐབ་བྱེད་དགོས་ཞེས་གསུངས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ལན་ནང་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ཡི་ལས་ཞུགས་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་པར་བྱས་པའི་རྨང་གཞིའི་སྟེང་དུ། རིམ་པ་སོ་སོའི་སྲིད་གཞུང་གིས་ཐབས་བརྒྱ་ཇུས་སྟོང་ངང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ཡི་ལས་ཞུགས་ལ་རོགས་རམ་བྱེད་པ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་ཀྱང་རང་སོ་སོའི་ལས་གནས་ཐོག་ཏང་དང་མི་དམངས་ལ་བྱས་རྗེས་འཇོག་རྒྱུར་རྒྱབ་སྐྱོར་བྱེད་དགོས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།