ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི6Dསྲུང་སྐར་བདེ་བླག་ངང་འཕེན་གཏོང་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-07-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1126218449_15943016305401n.jpg

 ཟླ7པའི་ཚེས9ཉིན་གྱི་ཆུ་ཚོད20དང་སྐར་མ11ཐོག རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གསུམ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི6Dསྲུང་སྐར་སྔོན་གྱི་གཏན་འཁེལ་བྱས་པའི་འཁོར་ལམ་ཐོག་བདེ་བླག་ངང་བསྐྱལ་བ་རེད། 

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས9ཉིན་གྱི་ཆུ་ཚོད20དང་སྐར་མ11ཐོག རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གསུམ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི6Dསྲུང་སྐར་སྔོན་གྱི་གཏན་འཁེལ་བྱས་པའི་འཁོར་ལམ་ཐོག་བདེ་བླག་ངང་བསྐྱལ་བ་དང་འཕེན་གཏོང་ལེགས་གྲུབ་བྱུང་། 

 ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི6Dསྲུང་སྐར་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་སྲུང་སྐར་དྲ་ཆེན་འཕྲིན་གཏོང་(ཧྲིན་ཀྲིན)ཚད་ཡོད་ཀུང་སིས་ཉོ་སྒྲུབ་བྱས་པའི་ཚོང་ལས་འཕྲིན་གཏོང་སྲུང་སྐར་ཞིག་རེད། དེར་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཁོངས་གཏོགས་ཀྲུང་གོའི་བར་སྣང་ལག་རྩལ་ཞིབ་འཇུག་ཁང་གི་འཕྲིན་སྐྱེལ་འཁོར་སྐར་ལས་དོན་པུའུ་ཡིས་སྤྱིའི་ཞིབ་འཇུག་དང་གསར་བཟོའི་འགན་ཁུར་ཞིང་། དེས་གནམ་གྲུ་དང་མཚོ་གྲུ། རླངས་འཁོར་སོགས་སྤོ་སྒུལ་འཕྲིན་གཏོང་ཐད་བེད་སྤྱོད་བྱེད་པར་སྤུས་ལེགས་དང་། ནུས་ཆེ། བསྲི་གྲོན་བཅས་ཀྱི་འཕྲིན་གཏོང་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།

 ཐེངས་འདིའི་ལས་འགན་ནི་རྒྱང་སྐྱོད་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་འཕུར་སྐྱོད་ཐེངས339པ་རེད། །

1126218449_15943016306331n.jpg

 ཟླ7པའི་ཚེས9ཉིན་གྱི་ཆུ་ཚོད20དང་སྐར་མ11ཐོག རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གསུམ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི6Dསྲུང་སྐར་སྔོན་གྱི་གཏན་འཁེལ་བྱས་པའི་འཁོར་ལམ་ཐོག་བདེ་བླག་ངང་བསྐྱལ་བ་རེད། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།