ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱ་ཆེའི་མཐོ་སློབ་མཐར་ཕྱིན་སློབ་མར་འཕྲིན་ལན་སྤྲིངས་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས7ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྡོ་སྣུམ་སློབ་ཆེན(པེ་ཅིང)ཁེ་ལ་མ་དབྱི་སློབ་ཁུལ་གྱི་མཐར་ཕྱིན་སློབ་མར་འཕྲིན་ལན་སྤྲིངས་པ་རེད། ཁོང་ཚོ་མཐའ་མཚམས་གཞི་རིམ་དུ་བསྐྱོད་པའི་ཐག་གཅོད་ལ་ཁས་ལེན་གནང་བ་དང་རྒྱ་ཆེའི་མཐོ་སློབ་མཐར་ཕྱིན་སློབ་མར་རེ་བ་ཆེན་པོ་བཅོལ་ཡོད།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུངས་དོན། ཁྱོད་ཚོ་སློབ་མ118མཐར་ཕྱིན་རྗེས་ཤིན་ཅང་གི་གཞི་རིམ་དུ་བསྐྱོད་དེ། མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་འབད་བརྩོན་ཆེན་པོ་དང་ལས་འགན་ཆེན་པོ་འཁུར་ནས་ནུབ་རྒྱུད་འཛུགས་སྐྲུན་པ་ཞིག་ཏུ་འགྱུར་བར་ཧུར་ཐག་བྱ་རྒྱུའི་འདུན་པ་བཅངས་ཡོད། ངས་ཁྱོད་ཚོའི་མི་ཚེའི་གདམ་ཀ་འདི་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན།

ཞི་ཅིན་ཕིང་གིས་ཐེངས་འདིའི་གློ་ཚད་རིམས་ནད་ཀྱི་ཛ་དྲག་གི་འགོག་བཅོས་འཐབ་རྩོད་ཁྲོད། ཁྱོད་ཚོའི་སྐབས་འདིའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་སྦྱོང་བརྡར་ཐེབས་ཡོད་པ་དང་འབྲས་བུ་སྨིན་ཡོད། ལྷག་པར་དུ་ཁྱོད་ཚོར“མཁས་བ་སློབ་པའི་དུས་ན་སྡུག བདེ་པར་སྡོད་ལ་མཁས་མི་སྲིད”ཅེས་པའི་གནས་ལུགས་ཤེས་སུ་བཅུག་ཡོད། མདུན་སྐྱོད་ཀྱི་ལམ་བུ་གེགས་མེད་འགྲོ་བདེ་ཡོང་མི་སྲིད་ལ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་གཞོན་ནུ་ཚོས་མི་རབས་ནས་མི་རབས་བར་འབད་འཐབ་བྱེད་དགོས། སློབ་གྲོགས་ཚོས་དུས་སྐབས་དང་བསྟུན་ནས་ལས་འགན་ཆེན་པོ་འཁུར་དགོས། རྒྱལ་ཡོངས་ཀྱི་རྒྱ་ཆེའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་ཕུགས་བསམ་ཆེན་པོས་ཏན་ཏན་ཏིག་ཏིག་ངང་། དཀའ་ཉེན་ལ་མི་འཛེམ་པར་དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པ། རང་ཉིད་ཀྱི་ཕུགས་འདུན་འཚོལ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དང་འགྲོགས་ནས། ཏང་དང་མེས་རྒྱལ། མི་དམངས་བཅས་ཀྱི་ཆེད་དུ་ལེགས་སྐྱེས་མང་པོ་འབུལ་དགོས།

ཞི་ཅིན་ཕིང་གིས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། སྤྱི་ཚོགས་ལས་རིགས་ཁག་གིས་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། ནུས་ལྡན་བྱ་ཐབས་སྤྱད་དེ་གློ་ཚད་རིམས་ནད་ཀྱིས་བཟོས་པའི་ཤུགས་རྐྱེན་ངན་པ་ཁྱད་དུ་བསད་དེ། ཐབས་བརྒྱ་ཇུས་སྟོང་གིས་མཐོ་སློབ་མཐར་ཕྱིན་སློབ་མ་ལས་ཀར་ཞུགས་པར་རམ་འདེགས་དང་། མཐོ་སློབ་མཐར་ཕྱིན་སློབ་མས་རང་རང་གི་ལས་གནས་ཐོག ཏང་དང་མི་དམངས་ལ་བྱས་རྗེས་འཇོག་པར་སྤྲོ་སེམས་འཁོལ་བའི་ངང་རྒྱབ་སྐྱོར་བྱ་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་ཐུགས་ཁུར་ཆེན་པོ་གནང་ནས་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད། ཀྲུང་གོ་རྡོ་སྣུམ་སློབ་ཆེན(པེ་ཅིང)ཁེ་ལ་མ་དབྱི་སློབ་ཁུལ་དུ2016ལོ་ནས་བཟུང་སློབ་བསྡུ་བྱེད་འགོ་ཚུགས་ཡོད། སྐབས་དང་པོའི་མཐར་ཕྱིན་སློབ་མ435ནི་རྒྱལ་ཡོངས་ཀྱི་ཞིང་ཆེན16ནས་ཡིན་ཞིང་། མིག་སྔར་སྤྱིའི་ཆ་ནས་ལས་ཞུགས་ཐུབ་ཚད85%ཙམ་ཟིན་པ་དེའི་ནང་མི118ཀྱིས་ཤིན་ཅང་གཞི་རིམ་གྱི་ལས་ཀ་གདམ་ཡོད། ཉེ་ཆར་མཐར་ཕྱིན་སློབ་མ118ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་པ་རེད། སློབ་ཆེན་ལོ་བཞིའི་སློབ་སྦྱོང་དང་བསམ་བློའི་གྲུབ་འབྲས་སྙན་སེང་ཞུས་པ་དང་འབྲེལ། ནུབ་རྒྱུད་དུ་རྐང་བཙུགས་ནས་མཐའ་མཚམས་འཛུགས་སྐྲུན་བྱེད་པའི་ཆོད་སེམས་བརྟན་པོ་མཚོན་པར་བྱས་ཡོད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།