ཀྲུང་གོ་བོད་ཀྱི་དྲ་བ།

“དྲ་སྦྲེལ་ལྗང་སྐྱོང2020ལོའི”དྲ་རྒྱའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས6ཉིན། གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། པེ་ཅིང་གྲོང་ཨུད་དྲ་འཕྲིན་གཞུང་ལས་ཁང་གིས་མཛུབ་ཁྲིད་བྱས་པ་དང་། པེ་ཅིང་གྲོང་ཁྱེར་གྱི་དྲ་སྦྲེལ་ཁྲིམས་འགལ་དང་ཤུགས་རྐྱེན་ངན་པའི་ཆ་འཕྲིན་ཐེར་འདོན་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པ། ཤིན་ལང་དཔོད་ཕྲན། ཉིན་རེའི་གསར་འགྱུར་གཙོ་བོ། ཁྱུག་དབྱིངས། མགྱོགས་ལག་སོགས་པེ་ཅིང་ཁོངས་གཏོགས་ཀྱི་དྲ་ཚིགས་31གིས་མཉམ་དུ་གཉེར་འགན་འཁུར་བའི“དྲ་སྦྲེལ་ལྗང་སྐྱོང2020ལོའི”དྲ་རྒྱའི་བྱེད་སྒོ་རབ་དང་རིམ་པ་དངོས་སུ་སྤེལ་འགོ་ཚུགས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་དེས“རིམས་ནད་སྔོན་འགོག་ཚོད་འཛིན”དང་། “གཞོན་ནུ་ལོ་ཆུང” “དབྱར་གསེང”བཅས་བརྡ་ཆད་གཙོ་བོར་བྱས་པ་དང་། དེའི་དམིགས་ཡུལ་ནི་དུས་ཡུན་ཟླ་བ་གཉིས་ཀྱི་དྲ་རྒྱའི་ཐེར་འདོན་ཆེད་དོན་བྱ་སྤྱོད་སྤེལ་བ་དང“དྲ་སྦྲེལ་ལྗང་སྐྱོང2020ལོའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་བརྒྱུད། སྤྱི་ཚོགས་ཡོངས་སུ་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་གཞོགས་འདེགས་བྱེད་པ་དང་། དྲ་རྒྱའི་ཁྲིམས་འགལ་དང་ཤུགས་རྐྱེན་ངན་པའི་ཆ་འཕྲིན་ཐེར་འདོན་ནང་ཧུར་ཐག་ཞུགས་པ། དྲ་རྒྱའི་ཁོར་ཡུག་ལེགས་སུ་ཧུར་ཐག་གཏོང་བ་བཅས་བྱས་ཏེ་དྲ་རྒྱའི་ཁོར་ཡུག་བཟང་པོར་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུ་དེ་རེད། དྲ་རྒྱའི་ཐེར་འདོན་གྱི་ཆེད་དོན་བྱ་སྤྱོད་དེས་སྤྱི་ཚོགས་ཀྱི་ལྟ་འདོམས་སྟོབས་ཤུགས་དྲ་བའི་ཁྲིམས་འགལ་དང་ཤུགས་རྐྱེན་ངན་པའི་ཆ་འཕྲིན་ཐེར་འདོན་གྱི་ལས་དོན་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་སློང་བྱ་རྒྱུ་དང་། པེ་ཅིང་ཁོངས་གཏོགས་ཀྱི་དྲ་ཚིགས་ཀྱི་བྱེད་པོས་འགན་འཁྲི་ཏན་ཏིག་འཁུར་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་ལྟ་འདོམས་རང་འགུལ་ངང་དང་ལེན་བྱེད་པ་སོགས་བྱས་ནས་ཆགས་སྲེད་དང་མ་རབས་ཐ་ཤལ་དང་། གཏུམ་སྤྱོད་འཇིགས་གཏུམ། དྲ་རྒྱའི་ཁ་བསླུས། དཀྲོག་གཏམ་བཟོ་བ་སོགས་གཞོན་ནུ་ལོ་ཆུང་གི་ལུས་སེམས་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་ཁྲིམས་འགལ་དང་ཤུགས་རྐྱེན་ངན་པའི་ཆ་འཕྲིན་ཐེར་འདོན་བྱས་པར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།