ཀྲུང་གོ་བོད་ཀྱི་དྲ་བ།

མི་རིགས་ཡོངས་ཀྱི་རི་འགོག་དམག་འཁྲུག་ལངས་ནས་ལོ83འཁོར་བར་དྲན་གསོ་ཞུ་བའི་མཛད་སྒོ་པེ་ཅིན་དུ་འཚོགས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས7ཉིན་གྱི་སྔ་དྲོར། མི་རིགས་ཡོངས་ཀྱི་རི་འགོག་དམག་འཁྲུག་ལངས་ནས་ལོ83འཁོར་བར་དྲན་གསོ་ཞུ་བའི་མཛད་སྒོ་ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་དྲན་གསོ་ཁང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཚའེ་ཆིས་དྲན་གསོའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད།

ལུའུ་ཀོའུ་ཟམ་པའི་ངོགས་སུ་འགྱིང་ངེར་གནས་པའི་ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་དྲན་གསོ་ཁང་རྔམ་བརྗིད་དང་གཟི་ཉམས་ལྡན་པ་ཞིག་ཡོད། སྔ་དྲོའི་ཆུ་ཚོད་10པར་དྲན་གསོའི་མཛད་སྒོ་དེ་རྒྱལ་གླུའི་ཁྲོད་འགོ་ཚུགས་པ་དང་། དེ་རྗེས། ལས་རིགས་ཁག་གི་འཐུས་མི་ཚོས་དམར་སེར་ལྗང་གསུམ་གྱི་མེ་ཏོག་ཆུན་པོ་ལག་ཏུ་ཁྱེར་ནས་རི་འགོག་དམག་འཁྲུག་དྲན་གསོ་ཁང་གི་རྡོ་སྐས་དལ་གྱིས་འཛེགས་ཏེ། ཀྲུང་ཧྭ་མི་རིགས་ཀྱིས་མཐུན་སྒྲིལ་སྒོས་རི་འགོག་དམག་འཁྲུག་བརྒྱབ་པ་མཚོན་པའི་འབུར་བརྐོས་ཆེ་གྲས《ཟངས་གྱང་ལྕགས་རྩིག》མདུན་དུ། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ཁྲོད་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོ་ཚོར་མེ་ཏོག་ཕུལ་ནས་གུས་འདུད་ཞུས་པ་རེད།

དྲན་གསོའི་མཛད་སྒོ་ནི་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། པེ་ཅིང་གྲོང་ཁྱེར། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་ཁག་དང་། པེ་ཅིང་གྲོང་ཁྱེར། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ་བཅས་ཀྱི་འགན་འཁུར་བློ་མཐུན་དང་། པེ་ཅིང་དུ་ཡོད་པའི་རི་འགོག་དམག་འཁྲུག་ནང་ཞུགས་མྱོང་བའི་རི་འགོག་དམག་དཔོན་གྱི་གཉེན་ཉེའི་འཐུས་མི། རི་འགོག་དམག་འཁྲུག་ཁྲོད་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོའི་ནང་མིའི་འཐུས་མི། རྒྱལ་སའི་སློབ་མ། དཔུང་སྡེའི་དཔོན་དམག ལས་བྱེད་པ་དང་མང་ཚོགས་སོགས་ལས་རིགས་ཁག་གི་འཐུས་མི200ལྷག་ཞུགས་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།