ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དངུལ་ཁང་གིས་ཟླ11པའི་ཚེས5ཉིན་ནས་སྒོར་ལྔ་ཅན་གྱི་དམངས་སྒོར་སྒོར་ཤོག་གསར་བ་འགྲེམ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20200709104317.jpg

ཞིན་ཧྭ་དྲ་བའི་གློག་འཕྲིན་ལྟར་ན། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཟླ11པའི་ཚེས5ཉིན་ནས་སྒོར་ལྔ་ཅན་གྱི་དམངས་སྒོར་སྒོར་ཤོག་གསར་བ་འགྲེམ་རྒྱུ་རེད། 

པར་གཞི་གསར་བའི་དམངས་སྒོར་སྒོར་ཤོག་ལྔ་ཅན་ལ་ཐོག་དང་པོར་ངོས་གཉིས་ཀོང་དབྱིབས་ལག་རྩལ་བཀོལ་བ་དང་། ཚོན་ལྡན་མདོག་འགྱུར་ཅན་གྱི་རིན་ཐང་གྲངས་ཀ་དཔར་ཡོད། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཚེས8ཉིན་བསྒྲགས་པར། ཟླ11པའི་ཚེས5ཉིན2020ལོའི་མི་དམངས་ཤོག་སྒོར་རབས་ལྔ་བའི་ཤོག་སྒོར་ལྔ་ཅན་གྱི་པར་གཞི་འགྲེམ་སྤེལ་བྱ་རྒྱུ་རེད། ཤོག་སྒོར་ལྔ་ཅན་གྱི་པར་གཞི་གསར་བར་ད་ལྟའི་རབས་ལྔ་བའི་མི་དམངས་ཤོག་སྒོར་གྱི་རིས་དབྱིབས་གཙོ་བོ་དང་། མདོག་གཞི་གཙོ་བོ་མི་འགྱུར་བའི་རྨང་གཞིའི་འོག ཤོག་ངོས་ཀྱི་སྒྲིག་གཞི་དང་རྣམ་པ་ཇེ་བཟང་དུ་བཏང་ནས་ཕྱོགས་ཡོངས་ནས་ངོས་འཛིན་ནུས་པ་མཐོར་འདེགས་སུ་བཏང་ཡོད། 2020ལོའི་རབས་ལྔ་བའི་མི་དམངས་ཤོག་སྒོར་སྒོར་ལྔ་ཅན་གྱི་པར་གཞི་གསར་བ་བཀྲམ་རྗེས། རབས་ལྔ་བའི་མི་དམངས་ཤོག་སྒོར་གྱི་མཐོར་འདེགས་བྱ་བ་གཞི་ནས་གྲུབ་པ་རེད། 2020ལོའི་རབས་ལྔ་བའི་མི་དམངས་ཤོག་སྒོར་སྒོར་ལྔ་ཅན་གྱི་པར་གཞི་དེ་ད་ལྟའི་སྒོར་ལྔ་ཅན་དང་ཕན་ཚུན་བརྗེ་རེས་བྱེད་ཐུབ། 

ངོས་འཛིན་ནུས་པའམ་རྫུན་བཟོ་འགོག་པའི་ནུས་པའི་ཕྱོགས་ལ། ཚོན་ལྡན་མདོག་འགྱུར་ལག་རྩལ་ནི་རྒྱལ་སྤྱིའི་ཤོག་སྒོར་པར་འགྲེམ་ཁྱབ་ཁོངས་ཁྲོད་ཀུན་གྱིས་ཁས་ལེན་པའི་ལག་རྩལ་ཞིག་ཡིན། ཤོག་སྒོར་ལ་ཟུར་མི་འདྲ་བའི་ཐད་ནས་བལྟས་ན་ཤོག་ངོས་ཀྱི་གྲངས་ཀ་ལྔ་དེ་གསེར་མདོག་དང་ལྗང་མདོག་གཉིས་སུ་འགྱུར་ཐུབ།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།