ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས2020ལོའི་མཐོ་རྒྱུགས་བདེ་བླག་ངང་གཏོང་བར་ནུས་ཤུགས་ཡོད་རྒུས་རམ་འདེགས་བྱས།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར། 2020ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་ཡིག་རྒྱུགས་བདེ་བླག་ངང་གཏོང་ཐུབ་ཆེད། སྤྱི་བདེ་པུས་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ལ་བྱ་ཐབས་སྣ་མང་མཉམ་སྤྱོད་དང་ནུས་ཤུགས་ཡོད་རྒུ་བཏོན་ནས་ཡིག་རྒྱུགས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་། སློབ་གྲྭའི་བདེ་སྲུང་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་པ། རྒྱུགས་རའི་མཐའ་འཁོར་གྱི་བདེ་འཇགས་ཞིབ་བཤེར་དང་མངོན་མེད་རྐྱེན་ངན་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རྒྱུགས་སྤྲོད་སློབ་མར་ཐོབ་ཐང་ལག་ཁྱེར་གཉེར་རོགས་བྱེད་པ་སོགས་ཀྱི་ཐོགས་མེད་བགྲོད་ལམ་བཏོད་དེ་མཐོ་རྒྱུགས་བདེ་བླག་ངང་གཏོང་ཐུབ་པ་བྱེད་དགོས་པའི་བཀོད་སྒྲིག་བྱས་པ་རེད། མིག་སྔའི་བར་ཡིག་རྒྱུགས་དང་འབྲེལ་བ་ཡོད་པའི་ཉེས་དོན་གྱོད་གཞི་བསྡོམས30ལྷག་ཙམ་རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན་230ལྷག་ཙམ་འཛིན་བཟུང་བྱས་པ། སྐུད་མེད་ཡིག་རྒྱུགས་གཏོང་ཆས7000ལྷག་ཙམ་གཞུང་བཞེས་བཏང་བ། མཐོ་རྒྱུགས་ཀྱི་རྒྱུགས་སྤྲོད་སློབ་མར་ཐོབ་ཐང་ལག་ཁྱེར་ཁྲི11.3འཕྲལ་མར་གཉེར་རོགས་བཅས་བྱས་ཡོད།

སྤྱི་བདེ་པུའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་མི་དམངས་ཉེན་རྟོག་པ་དང་བདེ་འཇགས་ཧུར་བརྩོན་ཅན་མི་ཐེངས་ཁྲི31ལྷག་ཙམ་སྒྲིག་འཛུགས་བྱས་ནས་རྒྱལ་ཡོངས་ཀྱི་རྒྱུགས་ར7000ལྷག་ཙམ་གྱི་མཐའ་འཁོར་གྱི་བདེ་འཇགས་རྙོག་འཛིང་ཆེ་ཁུལ་ལ་གཅིག་སྡུད་ཐོག་གྲལ་བཤེར་གཙང་སེལ་བྱས་ནས་དུས་ཐོག་ཏུ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་མེད་པ་བཟོས་པ་དང་། མི་དམངས་ཉེན་རྟོག་པ6000ལྷག་ཙམ་རིམ་པ་ཁག་གི་སློབ་གསོའི་ཡིག་རྒྱུགས་ལྟེ་གནས་དང་མཐོ་རྒྱུགས་ཀྱི་མཉམ་འབྲེལ་བཀོད་འདོམས་ལྟེ་གནས་སུ་བཅའ་སྡོད་བྱས་ཏེ་སློབ་གསོ་སོཌ་སྡེ་ཚན་དང་མཉམ་སྒྲུབ་མཉམ་འགུལ་བྱས་ཐོག་རྒྱུགས་རའི་ཐོན་སྒོ་དང་འཛུལ་སྒོའི་བདེ་འཇགས་དོགས་ཟོན་ལ་ཤུགས་སྣོན་རྒྱག་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་བདེ་འཇགས་ཚོད་འཛིན་ཁྱབ་ཁོངས་བཀོད་སྒྲིག་བྱས་ཏེ་མཐོ་རྒྱུགས་བདེ་འཇཌ་ངང་གཏོང་ཐུབ་པའི་འགན་ལེན་བྱས་ཡོད།

ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱི་དྲ་རྒྱའི་བདེ་འཇགས་སྡེ་ཚན་གྱིས་དྲ་སྦྲེལ་དང་སྐུད་མེད་ཡིག་རྒྱུགས་གཏོང་ཆས་སྤྱོད་མཁན་ཡིག་རྒྱུགས་དང་འབྲེལ་བ་ཡོད་པའི་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་དམ་བསྒྲགས་རྣམ་པའི་རྡུང་རྡེག་ཚ་ནན་བཏང་སྟེ། ཉེས་དོན་གྱོད་གཞི30ལྷག་ཙམ་རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན230ལྷག་ཙམ་འཛིན་བཟུང་བྱས་པ། སྐུད་མེད་ཡིག་རྒྱུགས་གཏོང་ཆས7000ལྷག་ཙམ་གཞུང་བཞེས་བཏང་ཡོད། མཐོ་རྒྱུགས་དང་འབྲེལ་བ་ཡོད་པའི་དྲ་ཐོག་གི་དཀྲོག་གཏམ་ཆ་འཕྲིན་དང་རྒྱུགས་སྤྲོད་སློབ་མར་ཡིག་རྒྱུགས་གྲ་སྒྲིག་གི་བསྐྱར་སྦྱོང་ལོག་ཁྲིད་བྱེད་པ་སོགས་ཀྱི་གནས་ཚུལ་ལ་དམིགས་ཏེ། སྤྱི་བདེ་ལས་ཁུངས་ཀྱིས་དྲ་ཐོག་སྐོར་ཞིབ་ལ་ཤུགས་སྣོན་བརྒྱབ་ནས་མཐོ་རྒྱུགས་སྐོར་གྱི་དཀྲོག་གཏམ་བཟོ་བའི་དྲ་རྒྱའི་སྨྱན་སྦྱོར་ཁག་གཅིག་ཁྲིམས་བཞིན་རྩད་བཅད་དེ་ཐག་གཅོད་བྱས་པ་དང་ཆབས་ཅིག ཡིག་རྒྱུགས་ཀྱི་བརྒྱུད་རིམ་ལ་གཏོར་བཤིག་ཚབས་ཆེན་གཏོང་བའི་དཀྲོག་གཏམ་སྤེལ་མཁན་ལ་ཁྲིམས་བཞིན་ཆད་པ་ནན་པོ་བཅད་ཡོད།

ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་མཐོ་རྒྱུགས་གཏོང་མཁན་ལ་ཐོགས་མེད་བགྲོད་ལམ་ཤར་གཏོང་བྱེད་པ་དང་ཐོབ་ཐང་ལག་ཁྱེར་དང་རྒྱུགས་སྤྲོད་ཆོག་འཐུས་ལག་ཁྱེར་ལུས་པ་དང་། འགྲིམ་འགྲུལ་འགག་པའམ་ཡང་ན་གནམ་གཤིས་ངན་པོ་བསྟན་པ་སོགས་རིགས་ཀྱི་རྒྱུགས་སྤྲོད་སློབ་མར་འཕྲལ་སྡོམ་འགྲོ་ལམ་གྱི་སྟབས་བདེ་མཁོ་འདོན་བྱེད་ཀྱི་ཡོད། རྒྱུགས་སྤྲོད་སློབ་མ་སྐྱེལ་མཁན་རླངས་འཁོར་སྐྱོན་ཤོར་བ་དང་འགྲིམ་འགྲུལ་ལས་འཛོལ་ཐོན་རིགས་ལ་མི་དམངས་ཉེན་རྟོག་པ་འཕྲལ་མར་བསྐྱོད་དེ་ཐག་གཅོད་བྱས་ནས་དགོས་ངེས་སྐབས་སུ་རླངས་འཁོར་བརྗེས་ནས་སློབ་མ་སྐྱེལ་རོགས་བྱས་ཐོག་རྒྱུགས་སྤྲོད་སློབ་མ་བདེ་འཇགས་ངང་རྒྱུགས་རར་སླེབས་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད། དེ་དང་དུས་མཚུངས། ཉེན་རྟོག་སྟོབས་ཤུགས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། རྒྱུགས་རའི་མཐའ་འཁོར་གྱི་འགྲིམ་འགྲུལ་གཤོང་བ། བགྲོད་ལམ་གྱི་ཁྲིད་སྟོན་མཚོན་རྟགས་མང་དུ་གཏོང་བ་བཅས་བྱས་ནས་རྒྱུགས་སྤྲོད་སློབ་མ་སྐྱེལ་མཁན་རླངས་འཁོར་གོ་རིམ་ལྡན་པའི་ངང་བསྐྱོད་ཐུབ་པའི་ཁྲིད་སྟོན་བྱས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།