ཀྲུང་གོ་བོད་ཀྱི་དྲ་བ།

ཕིན་ལིས་ཡོན་གྱིས་ཨ་ཧྥེ་རི་ཁའི་ལྕམ་མོ་དང་པོའི་འཕེལ་རྒྱས་མཉམ་འབྲེལ་ཚོགས་པར་འཕྲིན་ལན་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལིས་ཡོན་གྱིས་ཨ་ཧྥེ་རི་ཁའི་ལྕམ་མོ་དང་པོའི་འཕེལ་རྒྱས་མཉམ་འབྲེལ་ཚོགས་པའི་རེས་སྐོར་ཀྲུའུ་ཞི། ཁོང་ཀོའི་ཙུང་ཐུང་གི་ལྕམ་མོ་ཨན་ཐོ་བ་ནེ་ཐུ་ལ་འཕྲིན་ལན་བསྐུར་བ་དང་། དེ་དང་མཉམ་དུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་གཞན་དག་གི་ལྕམ་མོ་དང་པོར་འཕྲིན་ཡིག་བསྐུར་ཏེ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཀྲུང་གོས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་གནད་འགག་དུས་སྐབས་སུ་ཀྲུང་གོ་མི་དམངས་ལ་རིན་ཐང་བྲལ་བའི་རྒྱབ་སྐྱོར་འདོན་སྤྲོད་བྱས་པར་བཀའ་དྲིན་ཆེ་ཞུས་པར་མ་ཟད་ཨ་ཧྥེ་རི་ཁའི་མི་དམངས་ཀྱིས་རིམས་ནད་འགོག་སྲུང་བྱེད་པར་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།

ཕིན་ལིས་ཡོན་གྱིས་བཤད་དོན། པྲོག་གསར་གློ་ཚད་རིམས་ནད་གློ་བུར་དུ་བྱུང་རྗེས། རྒྱལ་ཁབ་སོ་སོས་ཕན་ཚུན་ལ་རོགས་རེས་དང་མཐུན་སྒྲིལ་མཉམ་ལས་བྱས་པ་དེ་རིམས་འགོག་ལས་རྣམ་པར་རྒྱལ་བར་ཧ་ཅང་གལ་ཆེ། ཀྲུང་གོ་སྲིད་གཞུང་གིས་ཨ་ཧྥེ་རི་ཁའི་ལྕམ་མོ་དང་པོའི་འཕེལ་རྒྱས་མཉམ་འབྲེལ་ཚོགས་པ་བརྒྱུད་དེ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ང་གསུམ་ལ་རིམས་འགོག་དངོས་རྫས་ཞལ་འདེབས་སུ་ཕུལ་ཏེ། བུད་མེད་དང་བྱིས་པ། ན་གཞོན་བཅས་ལ་རོགས་རམ་བྱས་ནས་ཀྲུང་གོའི་མི་དམངས་དང་ཨ་ཧྥེ་རི་ཁའི་མི་དམངས་བར་དུ་མཛའ་བཤེས་ཟབ་མོ་ཆགས་ཡོད་པ་མཚོན་པར་བྱེད་ངེས་ཡིན་ཟེར།

ཅང་མ་འགོར་བའི་སྔོན་ལ། ཨན་ཐོ་བ་ནེ་ཐུ་ཡིས་ཕིན་ལིས་ཡོན་ལ་འཕྲིན་ཡིག་བསྐུར་ཏེ། ཀྲུང་གོས་རིམས་ནད་འགོག་སྲུང་ཁྲོད་དུ་ནུས་པ་ཆེན་པོ་བཏོན་པར་གཟེངས་བསྟོད་བྱས་པར་མ་ཟད་ཨ་ཧྥེ་རི་ཁའི་ལྕམ་མོ་དང་པོའི་འཕེལ་རྒྱས་མཉམ་འབྲེལ་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ལྕམ་མོ་དང་པོའི་ཚབ་བྱས་ཏེ་ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་བུད་མེད་དང་བྱིས་པ། ན་གཞོན་སོགས་ལ་ཡིད་འཇོག་བྱེད་དགོས་པར་མ་ཟད། ཁོ་ཚོར་སྨན་བཅོས་དངོས་རྫས་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།