ཞིན་ཧྭ་གསར་འགྱུར་ཁང་གི་གློགའཕྲིན་ལྟར། ཉེ་ཆར་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས《སྐབས20པའི་རྒྱལ་ཡོངས་ཀྱི་གཞོན་ནུ་ལས་གནས་ཐོག་གི་འཇོན་ཐང་ཅན་གྱི་མཚན་སྙན་སྤྲོད་པ་དང་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས》མཉམ་འབྲེལ་ཐོག་བཀྲམ་ནས་ཏིང་ཡ་ལི་སོགས་བློ་མཐུན50ལ“རྒྱལ་ཡོངས་ཀྱི་གཞོན་ནུ་ལས་གནས་ཐོག་གི་འཇོན་ཐང་ཅན་གྱི་དཔེ་དམག”ཅེས་པའི་མཚན་སྙན་སྤྲད་པ་དང་ཧྥུང་གཡོད་སོགས་བློ་མཐུན760ལ“རྒྱལ་ཡོངས་ཀྱི་གཞོན་ནུ་ལས་གནས་ཐོག་གི་འཇོན་ཐང་ཅན”གྱི་མཚན་སྙན་སྤྲད་པ་རེད།
ད་ཐེངས་མཚན་སྙན་སྤྲད་པ་དང་གཟེངས་བསྟོད་བྱས་པའི“རྒྱལ་ཡོངས་ཀྱི་གཞོན་ནུ་ལས་གནས་ཐོག་གི་འཇོན་ཐང་ཅན”810དེ་དག་རིམ་པ་རེ་རེ་བཞིན་འདེམས་སྒྲུག་བརྒྱབ་པ་དང་། ཞིབ་བཤེར་ནན་པོ་བྱས་པ། སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱས་ནས་ཐོན་པ་ཞིག་རེད། ཁོང་ཚོས་རང་འཁྲིའི་ལས་གནས་དང་ལས་ཀའི་ལག་ལེན་དངོས་ནང་ཏན་ཏན་ཏིག་ཏིག་དང་འཇོན་ནུས་ཧུར་ཐག་སྦྱངས་ནས་དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུའི་ཡར་རྒྱས་བརྩོན་ལེན་དང་འབད་འབུངས་ལྷོད་མེད་ཀྱི་བསམ་པའི་ཉམས་འགྱུར་གཅིག་སྡུད་ཐོག་མངོན་ཡོད་པས། རྒྱ་ཆེའི་གཞོན་ནུ་འཚར་ལོངས་དང་འཇོན་ཐང་ཅན་ཞིག་བྱེད་པ་དང་བྱས་རྗེས་འཇོག་པའི་མིག་དཔེ་ཞིག་ཡིན།
ཤེས་རྟོགས་བྱུང་བར་གཞིགས་ན། “རྒྱལ་ཡོངས་ཀྱི་གཞོན་ནུ་ལས་གནས་ཐོག་གི་འཇོན་ཐང་ཅན”གྱི་བྱེད་སྒོ་དེ1994ལོར་སྤེལ་འགོ་ཚུགས་པ་དང་གུང་གཞོན་སྡེ་ཚོགས་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་མཉམ་དུ་སྒྲིག་འཛུགས་བྱས་ནས་སྤེལ་བའི་ཏང་ཆེད་མི་སྐྱོང་བ་དང་། རྒྱལ་ཁབ་ཆེད་ཤེས་ལྡན་པ་སྐྱོང་བ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་སྤུས་རྟགས་གཏོད་པའི་ལས་དོན་གལ་ཆེན་ཞིག་རེད། ལོ་20ལྷག་ཙམ་རིང་། བྱེད་སྒོའི་ནང“ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་། ཀུན་སྤྱོད་ལེགས་པ། འཇོན་ནུས་ཆེ་བ། གཡུར་ཟའི་གྲུབ་འབྲས་ཐོབ་པའི”གཞོན་ནུའི་དཔེ་མཚོན་འབོར་ཆེན་གཏོད་འདེམས་བྱས་ཏེ་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་ལ་ཤེས་ལྡན་པའི་འདེགས་སྐྱོར་མཁོ་འདོན་བྱས་པ་དང་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ད་ལོ་བར་རྒྱལ་ཡོངས་ཀྱི་གཞོན་ནུའི་ལས་གནས་ཀྱི་འཇོན་ཐང་ཅན་དཔྱད་འདེམས་བྱེད་སྒོ་སྐབས20སྤེལ་བ་དང་རྒྱལ་ཡོངས་ཀྱི་གཞོན་ནུའི་ལས་གནས་ཀྱི་འཇོན་ཐང་ཅན་ཁྱོན་བསྡོམས5801གཏོད་འདེམས་བྱས་ཡོད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
གཞོན་ནུ810ལ་རྒྱལ་ཡོངས་ཀྱི་གཞོན་ནུ་ལས་གནས་ཐོག་གི་འཇོན་ཐང་ཅན་གྱི་མཚན་སྙན་སྤྲད་པ།