ཀྲུང་གོ་བོད་ཀྱི་དྲ་བ།

​སྤྱི་བདེ་ལས་ཁུངས་དང་སློབ་གསོ་སྡེ་ཁག་གིས་རྒྱུགས་ལ་འབྲེལ་བ་ཡོད་པའི་ནག་ཉེས་ལ་རྒོལ་རྡུང་དྲག་པོ་བཏང་ནས་མཐོ་རྒྱུགས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2020-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པའི་ཚེས་ལྔ་ཉིན་སློབ་གསོ་པུའུ་ནས་རྒྱུས་ལོན་པ་ལྟར་ན། མཐོ་རྒྱུགས་བདེ་འཇགས་ལ་སྲུང་སྐྱོབ་བྱ་ཆེད། ཉིས་སྟོང་ཉི་ཤུ་ལོའི་རིང་ལ། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་དྲ་རྒྱའི་བདེ་འཇགས་སྡེ་ཁག་གིས་སློབ་གསོ་པུའུ་དང་མཉམ་འབྲེལ་སྒོས་དྲ་རྒྱ་དང་སྐུད་མེད་ལག་ཆ་བེད་སྤྱད་དེ་རྒྱུགས་ལེན་པའི་ནག་ཉེས་བྱ་འགུལ་ལ་རྒོལ་རྡུང་དྲག་པོ་བཏང་བ་དང་། མུ་མཐུད་དུ་རྒྱུགས་འབྲེལ་ནག་ཉེས་བྱ་འགུལ་ལ་རྒོལ་རྡུང་བཏང་ནས། གྱོད་དོན་སུམ་ཅུ་ལྷག་རྩད་གཅོད་བྱས་ཤིང་། ཉེས་ཅན་མི་སྣ་ཉིས་བརྒྱ་ལྷག་འཛིན་བཟུང་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་མཐོ་རྒྱུགས་ཀྱི་སྔོན་དུ། ས་གནས་སོ་སོའི་སྤྱི་བདེ་ལས་ཁུངས་དང་དྲ་རྒྱའི་བདེ་འཇགས་སྡེ་ཁག་གིས་རྒྱུགས་ལེན་ཁྲོད་ཀྱི་ཁྲིམས་འགལ་བྱ་སྤྱོད་སྐོར་གྱི་ནག་ཚོགས་ཤིག་རྩད་ཆོད་པ་དང་། དྲ་རྒྱའི་སྒང་ནས་རྒྱུགས་ལེན་པའི་རྒྱུགས་སྤྲོད་སློབ་མར་འགྲོ་གྲོན་མཐོན་པོ་བླངས་ཏེ་ཁྲིམས་འགལ་གྱིས་རྒྱུགས་སྤྲོད་སློབ་མར་རྒྱུགས་ལེན་ཞབས་ཞུ་སྒྲུབ་པ་དང་། དཔལ་འབྱོར་གྱི་ཁེ་ཕན་མཐོན་པོ་བླངས། དེ་ལས་གཞན་དྲ་རྒྱའི་སྟེང་ནས་མཐོ་རྒྱུགས་ལ་འབྲེལ་བ་ཡོད་པའི་འཆལ་གཏམ་དང་། རྒྱུགས་ལེན་སློབ་མའི་བསྐྱར་སྦྱོང་ལ་ཟབ་ཁྲིད་བྱེད་པ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་མཐོ་རྒྱུགས་ཀྱི་འཆལ་གཏམ་སྒྲོག་པའི་ཐོ་འགོད་ཨང་གྲངས་སྐོར་ཞིག་རྩད་གཅོད་བྱས་ཏེ། རྒྱུགས་ལེན་གྱི་སྒྲིག་ལམ་ལ་གཏོར་བརླག་བཟོ་མཁན་ལ་ཁྲིམས་ལྟར་ཆད་གཅོད་ནན་མོ་བྱས།  །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།