ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀག་ནའི་ཙུང་ཐུང་ཨ་ཁུའུ་ཧྥུའུ་ཨ་ཏོ་ལ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ60ལོན་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ7པའི་ཚེས5ཉིན་ཀག་ནའི་ཙུང་ཐུང་ཨ་ཁུའུ་ཧྥུའུ་ཨ་ཏོ་ལ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ60འཁོར་བར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་།

ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་དོན། ཀྲུང་གོ་དང་ཀག་ན་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ60སོང་རིང་། རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་དངོས་སྒྲུབ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་ཀག་ནའི་མཉམ་ལས་ལ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་མངོན་པ་དང་ཕྱོགས་གཉིས་པོའི་མི་དམངས་ལ་དོན་དངོས་ཀྱི་ཁེ་ཕན་བསྐྲུན་ཡོད། པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བའི་ཚུན་དུ། ཀྲུང་གོ་ཕྱོགས་ཀྱིས་ཀག་ན་ཚུད་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་དང་རོགས་རེས་བྱས་ནས་ཐུན་མོང་ཐོག་རིམས་ནད་ལ་འགོག་རྒོལ་བྱས་པ་དང་ཀྲུང་ཧྥེའི་དཀའ་སྡུག་མཉམ་མྱོང་གི་སྤུན་ཟླའི་མཛའ་བརྩེ་མཚོན་པར་བྱས་ཡོད། ངས་ཀྲུང་གོ་དང་ཀག་ན་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཙུང་ཐུང་ཨ་ཁུའུ་ཧྥུའུ་ཨ་ཏོ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ60འཁོར་བ་གོ་སྐབས་སུ་བཟུང་སྟེ། སྲོལ་རྒྱུན་གྱི་མཛའ་མཐུན་དར་སྤེལ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་ནང་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཅི་ཐུབ་བྱས་ཏེ། སྔར་ལས་དམ་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པར་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་རྒྱུ་ཡིན།

 ཨ་ཁུའུ་ཧྥུའུ་ཨ་ཏོ་ཡིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་དོན། ཙུང་ཐུང་ཨེན་ཁེ་ལུའུ་མ་དང་ཀྲུའུ་ཞི་མའོ་ཙེ་ཏུང་། ཙུང་ལི་ཀྲོའུ་ཨེན་ལའེ་སོགས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་རྒན་རབས་ཚོས་ཐུན་མོང་ཐོག་ཀག་ན་དང་ཀྲུང་གོ་རྒྱལ་ཁབ་བར་མཛའ་གྲོགས་འབྲེལ་བ་གཏོད་པ་དང་སྐྱེད་སྲིང་བྱས། ལོ་ངོ60རིང་རྒྱལ་ཁབ་གཉིས་པོའི་མཐོ་རིམ་འགྲོ་འོང་ཟབ་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་ཞི་བདེ་དང་། དྲང་གཞག འདྲ་མཉམ་བཅས་ཀྱི་རྒྱལ་སྤྱིའི་སྒྲིག་ཁྲིམས་བསྐྲུན་པར་འབད་བརྩོན་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་པྲོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་འཇལ་བའི་ཁྲོད་དུ་ཐུན་མོང་མ་ཡིན་པའི་འགོ་ཁྲིད་ཀྱི་ནུས་པ་མངོན་ཡོད། ཀྲུང་གོས་ཀག་ན་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་རིམས་ནད་འགོག་བཅོས་ལ་རོགས་རམ་དང་རྒྱབ་སྐྱོར་བྱས་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བསྔགས་བརྗོད་ཐོབ་ཡོད། ཀག་ནས་རྒྱལ་སྤྱི་དང་མཐུན་སྒྲིལ་མཉམ་ལས་བྱས་ནས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ཀྱི་ཡོད། ངས་ཀྲུའུ་ཞི་ཞིས་ཅིན་ཕིང་དང་མཉམ་དུ་སྲོལ་རྒྱུན་མཛའ་གྲོགས་སྲ་བརྟན་དུ་གཏོང་བ་དང་། འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་གཉིས་པོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་རེ་སྒུག་བྱེད་ཀྱི་ཡོད།

1126197883_15939305129691n.jpg

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།