ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྲོང་གསེབ་ཀྱི་རྨོ་ཞིང་གང་བྱུང་དུ་བདག་བཟུང་བྱས་ཏེ་དེའི་སྟེང་ཁང་པ་ལས་པའི་གནད་དོན་བཅོས་སྒྲིག་ལས་དོན་གྱི་བརྙན་རིས་ཚོགས་འདུར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་ནས་གྲོང་གསེབ་ཏུ་རྨོ་ཞིང་གང་བྱུང་དུ་བདག་བཟུང་བྱས་ཏེ་དེའི་སྟེང་ཁང་པ་ལས་པའི་གནད་དོན་བཅོས་སྒྲིག་ལས་དོན་གྱི་བརྙན་རིས་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས། གྲོང་གསེབ་ཀྱི་རྨོ་ཞིང་གང་བྱུང་དུ་བདག་བཟུང་བྱས་ཏེ་དེའི་སྟེང་ཁང་པ་ལས་པའི་གནད་དོན་བཅོས་སྒྲིག་ལས་དོན་ལ་བཀོད་སྒྲིག་བྱས།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། རྨོ་ཞིང་སྲུང་སྐྱོབ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཡིན། མི་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་ཡི་ལྟོ་རྒྱབ་གནད་དོན་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས་པ་ལ། ཐོག་མར་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཞེས་པའི་རྩ་བ་དེར་འགན་ལེན་ཏན་ཏིག་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རྩ་བའི་གཞི་འཛིན་སར་བྱས་ནས། རྨོ་ཞིང་སྲུང་སྐྱོབ་ཀྱི་གལ་འགངས་ཤིན་ཏུ་ཆེ་བའི་རང་བཞིན་ལ་ངོས་འཛིན་བྱས་ཏེ། བསམ་བློའི་ངོས་འཛིན་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་མཐའ་འཁྱོངས་དང་། གྲོང་གསེབ་ཏུ་རྨོ་ཞིང་གང་བྱུང་དུ་བདག་བཟུང་བྱས་ཏེ་དེའི་སྟེང་ཁང་པ་ལས་པའི་བྱ་སྤྱོད་གསར་དུ་འཕར་རིགས་ལ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་། ཧུར་བརྩོན་དང་བརྟན་འཇགས། ནུས་ལྡན། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་བཅོས་སྐྱོང་ལས་ཀར་སྐུལ་འདེད་ནུས་ལྡན་གཏོང་དགོས་ཟེར།

དབྱང་ཞའོ་ཏུའུ་དང་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཞུགས་ནས་གཏམ་བཤད། རང་བྱུང་ཐོན་ཁུངས་པུའུ་དང་ཞིང་ལས་ཞིང་སྡེ་པུའུ། ཆེས་མཐོའི་མི་དམངས་ཁྲིམས་ཁང་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད།


རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།