ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེ་མི་དམངས་ཏང་གི་ཀྲུའུ་ཞི། སྲིད་གཞུང་གི་དབུ་བཞུགས་བློན་ཆེན་ཧོང་སིན་ལ་ངག་འཕྲིན་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེ་མི་དམངས་ཏང་གི་ཀྲུའུ་ཞི། སྲིད་གཞུང་གི་དབུ་བཞུགས་བློན་ཆེན་ཧོང་སིན་ལ་ངག་འཕྲིན་བསྐུར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཅང་མ་འགོར་བའི་སྔོན་ལ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་གོ་དགུ་ལོན་པའི་སྐབས་སུ་ཀྲུའུ་ཞི་ཁྱེད་ཀྱིས་ཆེད་དུ་ང་ལ་འཕྲིན་ཡིག་བསྐུར་ཡོང་སྟེ་ཁྱོད་རང་ཉིད་དང་ཁམ་ཕུ་ཁྲེ་མི་དམངས་ཏང་གིས་ཀྲུང་གོ་དང་ཁམ་ཕུ་ཁྲེ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོང་འཕེལ་འགྲོ་བའི་རེ་འདུན་དང་ལྟ་ཚུལ་མཚོན་པར་བྱས་པ་དེ་ལ་བདག་གིས་གཟེངས་བསྟོད་བྱེད་པ་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཁམ་ཕུ་ཁྲེ་ནི་ཕན་ཚུན་རོགས་རེས་བྱེད་པའི་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ་ཡིན། པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། ཀྲུང་གོ་དང་ཁམ་ཕུ་ཁྲེ་ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་རྒྱབ་སྐྱོར་དང་མཉམ་ལས་དམ་པོ་བྱས་ཤིང་། སྟོབས་ཤུགས་གཅིག་བསྡུས་སྒོས་རིམས་ནད་ལ་འགོག་རྒོལ་བྱས་པར་མ་ཟད་དུས་སྐབས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། དོན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཀྲུང་གོ་དང་ཁམ་ཕུ་ཁྲེ་བར་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་སྲ་བརྟན་དུ་འགྲོ་བར་ནུས་པ་ཆེན་པོ་བཏོན། ཀྲུའུ་ཞི་ཁྱེད་རང་ཀྲུང་གོ་ཕྱོགས་ཀྱི་རིམས་ནད་གནས་བབ་ཛ་དྲག་ཆེ་བའི་གནད་འགག་དུས་སྐབས་སུ་ཆེད་དུ་འཚམས་འདྲིར་ཡོང་བ་དེས་ཀྲུང་གོའི་ཏང་དང་སྲིད་གཞུང་། མི་དམངས། ང་རང་ཉིད་བཅས་ལ་བག་ཆགས་ཟབ་མོ་བཞག ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཁམ་ཕུ་ཁྲེ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་ཀྲུའུ་ཞི་ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། ཏང་བར་དང་ཁྱབ་ཁོངས་སོ་སོའི་བར་གྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་ཁམ་ཕུ་ཁྲེ་བར་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་བོ་ཞི་ཧ་མོ་ཉི་དང་དབུ་བཞུགས་བློན་ཆེན་ཧོང་སིན་གཙོ་ཡིན་པའི་རྒྱལ་བོའི་རྒྱལ་ཁབ་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག ཁམ་ཕུ་ཁྲེ་ཡིས་ཁྱབ་ཁོངས་སོ་སོའི་འཛུགས་སྐྲུན་ཐད་ནས་ཉམས་དགའ་བའི་གྲུབ་འབྲས་བླངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་སྒོས་ཁམ་ཕུ་ཁྲེ་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པར་རྒྱབ་སྐྱོར་བྱེད་པ་དང་། ཀྲུའུ་ཞི་ཁྱེད་ཀྱི་འགོ་ཁྲིད་འོག ཁམ་ཕུ་ཁྲེ་རྒྱལ་ཁབ་ཀྱིས་རྒྱལ་ཁབ་འཛུགས་སྐྲུན་ལས་དོན་ཁྲོད་དུ་གྲུབ་འབྲས་སྔར་ལས་གསར་བ་ལེན་པར་མ་ཟད། ས་གནས་ཀྱི་བརྟན་འཇགས་དང་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་འཇོག་ཐུབ་པར་ཡིད་ཆེས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།