ཀྲུང་གོ་བོད་ཀྱི་དྲ་བ།

ཟླ5པར་གཞུང་ཁོངས་ཁེ་ལས་ཀྱི་ཁེ་སྤོགས་འཕར་ཚད་ན་ནིང་དུས་མཚུངས་ཀྱི་ཆུ་ཚད་ལ་སླར་གསོ་ཐུབ་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནོར་སྲིད་པུའི་བསྡོམས་རྩིས་ལས་མངོན་གསལ། 2020ལོའི་ཟླ5པར་རྒྱལ་ཡོངས་ཀྱི་གཞུང་ཁོངས་དང་གཞུང་ཁོངས་མ་རྐང་ཚོད་འཛིན་ཁེ་ལས(གཤམ་དུ་གཞུང་ཁོངས་ཁེ་ལས་ཞེས་བསྡུ་རྒྱུ)ཀྱི་ཁེ་སྤོགས་འཕར་ཚད་ན་ནིང་དུས་མཚུངས་ཀྱི་ཆུ་ཚད་ལ་རྩ་བའི་ཆ་ནས་སླར་གསོ་ཐུབ་ཡོད། ཟླ་དང་པོ་ནས་ལྔ་པ་བར་གྱི་དཔལ་འབྱོར་ཕན་འབྲས་གཙོ་བོའི་སྟོན་གྲངས་ན་ནིང་གི་དུས་མཚུངས་དང་བསྡུར་ན་ཆག་ཚད་དམའ་རུ་ཕྱིན་པ་དང་དཔལ་འབྱོར་འཁོར་རྒྱུག་ཐུབ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

ཟླ5པར་གཞུང་ཁོངས་ཁེ་ལས་ཀྱི་གཉེར་སྐྱོང་ཡོང་འབབ་བསྡོམས་འབོར4%འཕར་ནས་ན་ནིང་དུས་མཚུངས་ཆུ་ཚད་ཀྱི98.6%བར་སླར་གསོ་ཐུབ་ཡོད། ཟླ་དང་པོ་ནས་ལྔ་པའི་བར་གྱི་གཉེར་སྐྱོང་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར218388.1ཟིན་པ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན7.7%ཆག་ཡོད། དེའི་ནང་ཀྲུང་དབྱང་ཁེ་ལས་ཀྱི་སྒོར་དུང་ཕྱུར125827.5ཟིན་པ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན8.6%ཆག་པ་དང་ས་གནས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་སྒོར་དུང་ཕྱུར92560.6ཟིན་པ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་6.3%ཆག་ཡོད།

ཟླ་5པར་གཞུང་ཁོངས་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར251.1%འཕར་བ་དེ་ན་ནིང་དུས་མཚུངས་ཆུ་ཚད་ཀྱི94.5%བར་སླར་གསོ་ཐུབ་ཡོད། ཟླ་དང་པོ་ནས་ལྔ་པ་བར་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར6630.9ཟིན་པ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན52.7%ཆག་ཡོད། དེའི་ནང་ཀྲུང་དབྱང་ཁེ་ལས་ཀྱི་སྒོར་དུང་ཕྱུར5285.4ཟིན་པ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན44.7%ཆག་པ་དང་ས་གནས་གཞུང་ཁོངས་ཁེ་ལས་ཀྱི་སྒོར་དུང་ཕྱུར1345.5ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས69.8%ཆག་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།