ཀྲུང་གོ་བོད་ཀྱི་དྲ་བ།

2020ལོའི“རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མི་སྣའི་ནུས་པ་མཐོར་གཏོང་གི་ཆེད་དོན་འཆར་གཞི་བཀོད་སྒྲིག་དང་ལག་བསྟར་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་མི་སྤྱི་པུའུ་དང་ནོར་སྲིད་པུའུ་ཡིས་བརྡ་ཐོ་བཀྲམ་ནས2020ལོའི་མཐོ་སློབ་སློབ་ཐོན་སློབ་མའི“རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མི་སྣའི་ནུས་པ་མཐོར་གཏོང་གི་ཆེད་དོན་འཆར་གཞི་བཀོད་སྒྲིག་དང་ལག་བསྟར་བྱས་པ་རེད།

བརྡ་ཐོའི་ནང་། 2020ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དགོས་མཁོར་གཙོ་གནད་ཐོག་དམིགས་ཏེ། མི་ཐེངས8000ཟིན་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་བར་རྒྱབ་སྐྱོར་བྱ་རྒྱུའི་ནང་མི་ཐེངས5000ཟིན་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་གསོ་སྦྱོང་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། མི500ཡན་བསྡུ་རྩིས་ཡོད་པའི་ཞིང་ཆེན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཉུང་མཐར་ཡང་དུས་ཐེངས་1གཉེར་དགོས་པ་དང་། རོགས་སྐྱོར་སྨན་པ་ཅུང་མང་བའི་ཞིང་ཆེན་གྱིས་སྨན་བཅོས་ཆེད་དོན་གསོ་སྦྱོང་ཧུར་ཐག་བྱེད་དགོས་པ། “ཁུལ་གསུམ་དང་ཀྲོའུ་གསུམ”དང་དབུལ་ཞྭ་ཕུད་མེད་པའི་རྫོང་དབུལ་པོ་52ཀྱི“རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མི་སྣ་ཆེད་དོན་གསོ་སྦྱོང་ནང་ཞུགས་པའི་ཆ་རྐྱེན་འོས་འཚམ་ངང་ལྷུག་ཏུ་གཏོང་རྒྱུ་བཅས་ཁ་གསལ་བཏོན་ཡོད།

2016ལོར་མཐོ་སློབ་སློབ་ཐོན་སློབ་མའི“རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”གི་མི་སྣའི་ནུས་པ་མཐོར་གཏོང་གི་ཆེད་དོན་འཆར་གཞི་ལག་ལེན་བསྟར་ཚུན། ཀྲུང་དབྱང་ནོར་སྲིད་ཀྱིས་མི་ཐེངས་ཁྱོན་ཁྲི2.66ཟིན་པའི་ཆེད་དོན་གསོ་སྦྱོང་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།