ཀྲུང་གོ་བོད་ཀྱི་དྲ་བ།

ཧྲང་ཧའེ་དང་སུའུ་ཀྲོའུ། ནན་ཐུང་བཅས་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

F202007031029379676701697.jpg

འདི་ནི་ཧྲང་ཧའེ་དང་། སུའུ་ཀྲོའུ། ནན་ཐུང་བཅས་དབར་གྱི་འབྲི་ཆུའི་གཞུང་ལམ་ལྕགས་ལམ་ཟམ་ཆེན་ཡིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྲང་ཧའེ་ནས་སུའུ་ཀྲོའུ་བར་དང་དེ་ནས་ནན་ཐུང་བར་གྱི་ལྕགས་ལམ་དངོས་སུ་སྐྱེལ་འདྲེན་གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་། སྔ་དྲོའི་ཆུ་ཚོད་11དང་སྐར་མ་28ཙམ་ལ་མེ་འཁོར་ཨང་རྟགས་C3836དུས་ཐོག་ཏུ་ཐོན་ཏེ་ཧྲང་ཧའེ་བབས་ཚུགས་ནས་ནན་ཐུང་ཕྱོགས་སུ་བཏང་བ་རེད། སླད་ཕྱིན་མེ་འཁོར་བསྡད་དེ་ཧྲང་ཧའེ་ནས་ནན་ཐུང་དུ་བསྐྱོད་སྐབས། ནན་ཅིང་བརྒྱུད་དགོས་མེད་པས་དེ་སྔའི་ཆུ་ཚོད་3.5ནས་ད་ཆའི་ཆུ་ཚོད་1.6བར་ཐུང་དུ་ཕྱིན་ཡོད།

དེ་ཉིན་རང་རྒྱལ་གྱིས་རང་རྟེན་འཆར་འགོད་འཛུགས་སྐྲུན་དང་ཟམ་གདན་ལ་སྨི་སྟོང་བརྒལ་བའི་འཛམ་གླིང་ཐོག་གི་འབྲི་ཆུའི་གཞུང་ལམ་ལྕགས་ལམ་ཟམ་ཆེན་ཐོག་མ་དེ་དང་ཧྲང་ཧའེ་དང་། སུའུ་ཀྲོའུ། ནན་ཐུང་བཅས་དབར་གྱི་ལྕགས་ལམ་དུས་གཅིག་ཏུ་སྐྱེལ་འདྲེན་གཉེར་སྐྱོང་བྱས་པ་རེད། ཧྲང་ཧའེ་དང་། སུའུ་ཀྲོའུ། ནན་ཐུང་བཅས་དབར་གྱི་འབྲི་ཆུའི་གཞུང་ལམ་ལྕགས་ལམ་ཟམ་ཆེན་གྱི་འཆར་འགོད་འཛུགས་སྐྲུན་ལག་རྩལ་ལ“འཛམ་གླིང་གི་ཐོག་མ”ལྔ་མངོན་འགྱུར་བྱུང་ནས་རང་རྒྱལ་དང་ཐ་ན་འཛམ་གླིང་ལྕགས་ལམ་ཟམ་པའི་འཛུགས་སྐྲུན་གྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད།

F202007031029584706701698.jpg

འདི་ནི་ཟླ7པའི་ཚེས1ཉིན་མེ་འཁོར་ཨང་རྟགསC3836གྱི་ཞབས་ཞུ་བས་འཁོར་སྒྲོམ་ནང་འགྲུལ་པར་ལེ་ཚན་འཁྲབ་སྟོན་བྱེད་བཞིན་པ།

ཧྲང་ཧའེ་དང་། སུའུ་ཀྲོའུ། ནན་ཐུང་བཅས་དབར་གྱི་འབྲི་ཆུའི་གཞུང་ལམ་ལྕགས་ལམ་ཟམ་ཆེན་གྱི་རིང་ཚད་ལ་སྨི11072ཡོད་པ་དེ་ནི་འཛམ་གླིང་ཐོག་གི་ལྕགས་ལམ་4དང་འཁོར་ལམ་6ཡོད་པའི་གཞུང་ལམ་ལྕགས་ལམ་གཉིས་སྤྱོད་ཀྱི་ཟམ་པ་ཞིག་ཡིན་པས་ཏུན་ཁྲི་5རིམ་པའི་དོས་སྒམ་གྲུ་གཟིངས་དང་ཏུན་ཁྲི10རིམ་པའི་ཟོག་འདྲེན་གྲུ་གཟིངས་ཐེག་ཐུབ་ཀྱི་ཡོད།

ཧྲང་ཧའེ་དང་། སུའུ་ཀྲོའུ། ནན་ཐུང་བཅས་དབར་གྱི་ལྕགས་ལམ་ནི་རྒྱལ་ཁབ་ཀྱི“འཕྲེད་བརྒྱད་གཞུང་བརྒྱད”མྱུར་བགྲོད་ལྕགས་ལམ་དྲ་བའི་མཚོ་རྒྱུད་བགྲོད་ལམ་ཡིན་ལ་པེ་ཅིང་དང་ཧྲང་ཧའེ་ཡི་བགྲོད་ལམ་གཉིས་པའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།