ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཐན་འགོག་གནོད་འགོག་ཨུ་ཡོན་ལྷན་ཁང་གི་ཆེད་དོན་གྲོས་ཚོགས་དང་རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེའི་ཕྱོགས་ཡོངས་ཉེན་ཁར་ཞིབ་བཤེར་བྱེད་པའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཐན་འགོག་གནོད་འགོག་ཨུ་ཡོན་ལྷན་ཁང་གི་ཆེད་དོན་གྲོས་ཚོགས་དང་རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེའི་ཕྱོགས་ཡོངས་ཉེན་ཁར་ཞིབ་བཤེར་བྱེད་པའི་བྱ་བའི་གྲོས་ཚོགས་ཟླ་བདུན་པའི་ཚེས་གཉིས་ཉིན་པེ་ཅིན་ནས་བསྡུས། རྒྱལ་སྲིད་ཨུ་ཡོན། རྒྱལ་ཁབ་ཀྱི་ཆུ་ལོག་འགོག་པ་དང་ཐན་པ་སེལ་བའི་སྤྱིའི་བཀོད་འདོམས་པ་ཝང་ཡུང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆར་འགོག་གནོད་སྐྱོབ་ཐད་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ནན་ཏན་གྱིས་དངོས་འབེབ་བྱེད་པ། མི་དམངས་བླ་རུ་བཀུར་བ་དང་ཚེ་སྲོག་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་པ། རིམ་པ་བཞིན་དུ་འགན་འཁྲི་ལག་བསྟར་བྱེད་པ། ཁྱོན་ཡོངས་ནས་ཆར་འགོག་ཆུ་འགོག་དང་གནོད་འགོག་གནོད་སེལ་གྱི་བྱ་བ་སྣ་ཚོགས་སྔར་ལས་དམ་འཛིན་བྱས་ཏེ། ནུས་ཤུགས་གང་ཡོད་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཟེར།

ཝང་ཡུང་གིས་བསྟན་དོན། དེང་སྐབས་རང་རྒྱལ་གྱི་ལྷོ་བྱང་ས་ཁུལ་ཁྱོན་ཡོངས་ནས་ཆར་ཆུ་མོད་པའི་དུས་ལ་སླེབས་ཡོད་པ་དང་། དྲག་ཆར་འབབ་པའི་གནམ་གཤིས་དུས་རྒྱུན་དུ་འབྱུང་བཞིན་ཡོད་པས། ཆུ་ལོག་འགོག་པའི་གནས་བབ་ཧ་ཅང་ཛ་དྲག་ཆེ་བ་ཞིག་རེད། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་འགན་འཁྲིའི་འདུ་ཤེས་དང་དགོས་གཏུག་ཆེ་བའི་འདུ་ཤེས་ངེས་པ་དོན་གྱིས་ཇེ་དྲག་ཏུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་ཆར་ཞོད་ཆེན་པོ་འགོག་པ་དང་ཆུ་ལོག་ཆེན་པོ་འགོག་པ། ཉེན་ཁ་ཆེན་པོ་སེལ་བ། གནོད་འཚེ་ཆེན་པོ་འགོག་པ་བཅས་ལ་དམ་པོར་སྦྲེལ་ནས། བྱ་བའི་ནང་རྐྱེན་དང་མྱུར་བསྟུན་སྔོན་ཇུས་སྔར་ལས་ལྷག་པའི་སྒོ་ནས་འཐུས་ཚང་དུ་གཏོང་བ། ཆུ་ལོག་རྒྱུག་པ་དང་རི་ཉིལ་བ། གྲོང་ཁྱེར་ནང་ཆུས་བཀང་བ། མཚོ་རླུང་གཡུགས་པ་སོགས་གནོད་འཚེ་སྔོན་འགོག་གི་ཉེན་བརྡ་གཏོང་བའི་བྱ་བ་བཟང་བོར་སྒྲུབ་ནས། ཚད་ཆེས་ཆེ་བའི་སྒོ་ནས་མི་སྣ་ཤི་རྨས་འབྱུང་ཚད་ཇེ་ཉུང་དུ་གཏོང་དགོས་པར་མ་ཟད། མི་མང་པོ་ཤི་བར་གཏན་འགོག་བྱེད་དགོས།ཚད་གཞི་མཐོ་བའི་སྒོ་ནས་རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེ་ཕྱོགས་བསྡུས་ཉེན་ཁའི་ཞིབ་བཤེར་ཐེངས་དང་པོའི་བྱ་བ་རྩ་འཛུགས་སྒོས་སྤེལ་བ་དང་།ཁྱོན་ཡོངས་ནས་གནོད་འཚེའི་ཉེན་ཁ་ཤེས་པ་དང་ཞིབ་བཤེར་གྱི་གྲུབ་འབྲས་ཡང་དག་བླངས་ཏེ།གནོད་འགོག་ཉེན་འགོག་བྱ་བར་ཤུགས་སྣོན་པ་དང་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་ལ་ནུས་པ་འདོན་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།