ཀྲུང་གོ་བོད་ཀྱི་དྲ་བ།

འོས་འགན་སློབ་གསོའི་དགེ་རྒན་གྱི་ཆ་སྙོམས་ཟླ་ཕོགས་ས་གནས་དེ་གའི་གཞུང་ཞབས་པ་ལས་དམའ་ན་འདི་ནས་ཞུ་གཏུག་བྱེད་ཆོག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-07-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ7པའི་ཚེས1ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས“འོས་འགན་སློབ་གསོའི་དགེ་རྒན་གྱི་ཆ་སྙོམས་ཟླ་ཕོགས་ཡོང་འབབ་ཀྱི་ཆུ་ཚད་ས་གནས་དེ་གའི་གཞུང་ཞབས་པའི་ཆ་སྙོམས་ཟླ་ཕོགས་ཡོང་འབབ་ཆུ་ཚད་ལས་མི་དམའ་བའི་ཞུ་གཏུག་སྟེགས་བུ“ཕྱིར་བསྒྲགས་བྱས་པ་རེད། 

འོས་འགན་སློབ་གསོའི་དགེ་རྒན་གྱི་ཟླ་ཕོགས་འགྱངས་སྤྲོད་དང་སློབ་གྲྭ་གནས་སའི་ས་གནས་དེ་གའི་འོས་འགན་སློབ་གསོའི་དགེ་རྒན་གྱི་ཆ་སྙོམས་ཟླ་ཕོགས་ཡོང་འབབ་ཆུ་ཚད་ས་གནས་དེ་གའི་གཞུང་ཞབས་པའི་ཆ་སྙོམས་ཟླ་ཕོགས་ཡོང་འབབ་ཆུ་ཚད་ལས་དམའ་བའི་སྐོར་གྱི་གནས་ཚུལ་ཡོད་ན་དངོས་མིང་ཐོག་ནས་ཞུ་གཏུག་བྱེད་ཆོག

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་དངོས་མིང་ཐོག་གི་ཞུ་གཏུག་གནས་ཚུལ་ཕྱོགས་བསྡོམས་བྱས་ནས། འབྲེལ་ཡོད་ས་གནས་ལ་ཞིབ་བཤེར་དང་ཐག་གཅོད་བྱེད་པར་ལྟ་སྐུལ་བྱ་རྒྱུ་ཡིན་པ་རེད། འོས་འགན་སློབ་གསོའི་དགེ་རྒན་གྱི་བསམ་འཆར་དྲག་པོ་དང་རྒྱ་ཁྱབ་རང་བཞིན་གྱི་གནད་དོན་ཆེན་པོའི་ཁུངས་སྣེ་གཞིར་བཟུང་མི་མངགས་ནས་ལྟ་སྐུལ་བྱ་རྒྱུ་ཡིན་ཞིང་། གནད་དོན་དོན་དངོས་ཡིན་ན་འཐུས་ཚབ་རང་བཞིན་གྱི་གནད་དོན་ཐེར་འདོན་དང་སྤྱི་བསྒྲགས་བྱ་རྒྱུ་ཡིན།

གཤམ་གྱི་རྩ་གཉིས་བཤེར་རིས་བརྒྱུད་ཞུ་གཏུག་སྟེགས་བུ་ནང་འཛུལ་ཐུབ།

微信图片_20200703104419.jpg

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།