ཀྲུང་གོ་བོད་ཀྱི་དྲ་བ།

ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུས་ཞིང་ཆེན3ལ་གེགས་སེལ་མ་དངུལ་སྒོར་དུང་ཕྱུར1.5སྤྲད་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུས་སི་ཁྲོན་དང་། ཀུའེ་ཀྲོའུ། ཧུའུ་ནན་བཅས་ཞིང་ཆེན་3ལ་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར་1.5འཕྲལ་མར་སྤྲད་དེ་གཙོ་བོ་གེགས་ཁུལ་གྱི་འབྲུབ་འགོག་ཉེན་སེལ་གྱི་རྒུད་སྐྱོབ་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུའི་ཐད་སྤྱད་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར། ཚེས29ཉིན། ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུས་སི་ཁྲོན་དང་། ཀུའེ་ཀྲོའུ། ཧུའུ་ནན་བཅས་ཞིང་ཆེན3ལ་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར1.5འཕྲལ་མར་སྤྲད་དེ་གཙོ་བོ་གེགས་ཁུལ་གྱི་འབྲུབ་འགོག་ཉེན་སེལ་གྱི་རྒུད་སྐྱོབ་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུའི་ཐད་སྤྱད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཟླ6པའི་ཚེས28ཉིན་རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ལྷན་དང་འཕྲལ་སྡོམ་དོ་དམ་པུས་སི་ཁྲོན་དང་། ཀུའེ་ཀྲོའུ། ཧུའུ་ནན་བཅས་ལ་ཉེ་དུས་དྲག་ཆར་དང་ཆུ་ལོག ཞོད་སྐྱོན་སོགས་ཀྱི་གནོད་འཚེ་ཚབས་ཆེན་ཐོན་པར་དམིགས་ནས་རྒྱལ་ཁབ་ཀྱིIVརིམ་པའི་གེགས་སེལ་འཕྲལ་སྡོམ་དང་ལེན་བྱས་ཏེ་ལས་དོན་ཚོགས་ཆུང་མངགས་ནས་གནོད་འཚེ་ཚབས་ཆེན་ཕོག་པའི་ས་ཁུལ་དུ་བསྐྱོད་དེ། གནོད་འཚེའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་ས་གནས་ཀྱིས་འབྲུབ་འགོག་གེགས་སེལ་ལས་དོན་ཡག་པོ་སྤེལ་རྒྱུར་མཛུབ་ཁྲིད་དང་མཐུན་སྦྱོར་རོགས་རམ་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།