ཀྲུང་གོ་བོད་ཀྱི་དྲ་བ།

ཟླ6པའི་ཚེས30ཉིན་ནས་བཟུང་རྒྱལ་ཡོངས་སུ་ས་གནས་ས་ཐོག་མིན་པའི་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ས་ཆ་གཞན་དུ་ཐག་གཅོད་བྱ་རྒྱུ་ཕྱོགས་ཡོངས་ནས་ལག་ལེན་བསྟར་རྒྱུ་ཡིན་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། བཟོ་བཅོས་བརྒྱབ་རྗེས་ཀྱི་སྤྱི་བདེ་པུའི《འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཐག་གཅོད་བརྒྱུད་རིམ་གཏན་འབེབས》ནང་ས་གནས་ས་ཐོག་མིན་པའི་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ས་ཆ་གཞན་དུ་ཐག་གཅོད་བྱེད་པའི་སྒྱུར་བཅོས་བྱ་ཐབས་བཏོན་པ་དང་ཚོད་ལྟའི་རྨང་གཞིའི་ཐོག་ཟླ6པའི་ཚེས30ཉིན་ནས་བཟུང་རྒྱལ་ཡོངས་སུ་ཕྱོགས་ཡོངས་ནས་ལག་ལེན་བསྟར་རྒྱུ་ཡིན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། སྲིད་ཇུས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་བསྟུན་ནས་དོ་བདག་གིས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཀྱི་དོན་དངོས་ལ་བསམ་འཆར་མི་མཐུན་པ་མེད་པའི་རིགས་ཁྲིམས་འགལ་བྱེད་སྤྱོད་ཐོན་སར་ཐག་གཅོད་བྱེད་ཆོག་པ་ཕུད། ད་དུང་ས་ཆ་གཞན་གང་རུང་ཞིག་ལ་སྤྱི་བདེའི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཐག་གཅོད་བདག་སྤྲོད་བྱ་རྒྱུ་རང་མོས་ངང་འདེམས་ཆོག་པ་དེས་ཁ་ལོ་བས་ས་ཆ་གཞན་དུ་འགྲིམ་འགྲུལ་ཁྲིམས་འགལ་ཐག་གཅོད་བྱ་རྒྱུར་སྟབས་བདེ་ཆེན་པོ་བྱུང་ནས་མང་ཚོགས་ས་ཆ་གཉིས་སུ་འགྲོ་མི་དགོས་པ་བྱུང་ཡོད། དོ་བདག་གིས་ཞིང་ཆེན་སྒྲོལ་ནས་ས་ཆ་གཞན་དུ་ས་གནས་ས་ཐོག་མིན་པའི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཀྱི་ཐག་གཅོད་དང་ལེན་ཁ་གསལ་བྱས་རིགས་ཐག་གཅོད་བྱེད་སའི་སྤྱི་བདེའི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཐོན་སའི་སྤྱི་བདེའི་འགྲིམ་འགྲུལ་དོ་དམ་སྡེ་ཚན་ལ་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཀྱི་དོན་དངོས་བརྟག་དཔྱད་བྱེད་པ་དང་། ཆད་པ་གཅོད་པའི་ནང་དོན་དང་དོ་བདག་གི་དབང་ཆ་གསལ་བཤད་རྒྱག་པ། སྲིད་འཛིན་ཆད་གཅོད་ཀྱི་གཏན་འབེབས་ཡི་གེ་སྤྲོད་པ་སོགས་ཀྱི་བརྒྱུད་རིམ་བསྒྲུབ་རྒྱུར་གཞོགས་འདེགས་བྱེད་པ་མ་ཟད། འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཐོན་སའི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཁྲིམས་འགལ་བྱེད་སྤྱོད་ཐོན་སའི་ཚད་གཞི་གཞིར་བཟུང་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།