ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འབྲི་ཆུའི་ཝུའུ་ཏུང་ཏི་ཆུ་གློག་ས་ཚིགས་ཀྱི་འཕྲུལ་ཚན་སྐོར་དང་པོས་གློག་འདོན་མགོ་བརྩམས་པའི་ཐད་ནས་མཛུབ་སྟོན་གལ་ཆེན་གནངས།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་འབྲི་ཆུའི་ཝུའུ་ཏུང་ཏི་ཆུ་གློག་ས་ཚིགས་ཀྱི་འཕྲུལ་ཚན་སྐོར་དང་པོས་གློག་འདོན་མགོ་བརྩམས་པའི་ཐད་ནས་མཛུབ་སྟོན་གལ་ཆེན་གནངས། ཏང་ཀྲུང་དབྱང་གི་ཚབ་མཛད་དེ་ཝུའུ་ཏུང་ཏི་ཆུ་གློག་ས་ཚིགས་ཀྱི་འཕྲུལ་ཚན་སྐོར་དང་པོས་གློག་འདོན་མགོ་བརྩམས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། འཛུགས་སྐྲུན་མཁན་ཚང་མ་དང་བཟོ་སྐྲུན་འཛུགས་སྐྲུན་ཐད་བྱས་རྗེས་བཞག་པའི་རྒྱ་ཆེའི་མང་ཚོགས་དག་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་མཛད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཝུའུ་ཏུང་ཏི་ཆུ་གློག་ས་ཚིགས་ནི་ནུབ་གློག་ཤར་སྐྱེལ་བྱེད་པའི་རྒྱལ་ཁབ་ཀྱི་བཟོ་སྐྲུན་ཆེན་མོ་ལག་བསྟར་བྱས་པ་ཡིན་ཞིང་། བློ་མཐུན་ཚོས་ཡང་འབད་བསྐྱར་འབད་དང་འཕེལ་རྒྱས་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱས་ཏེ། ཚན་རྩལ་གྱི་ཡང་རྩེར་བསྙེག་པའི་བློ་སྤོབས་བཅངས་ཏེ། ཚད་གཞི་དང་སྤུས་ཚད་མཐོ་བའི་སྒོ་ནས་རྗེས་མཐུད་ཀྱི་བཟོ་སྐྲུན་འཛུགས་སྐྲུན་ལས་འགན་ཡོངས་འགྲུབ་བྱས་ནས། ཧུར་ཐག་སྒོས་ཝུའུ་ཏུང་ཏི་ཆུ་གློག་ས་ཚིགས་དེ་ཕུལ་དུ་ཕྱིན་པའི་བཟོ་སྐྲུན་ཞིག་ཏུ་གསར་བསྐྲུན་བྱེད་དགོས། སྐྱེ་ཁམས་གཙོར་འཛིན་དང་ལྷད་མེད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་འབྲི་ཆུའི་ཆུ་ནུས་ཐོན་ཁུངས་གསར་སྤེལ་ལ་ཡར་སྐུལ་དང་། འབྲི་ཆུའི་བཞུར་བརྒྱུད་དེ་སྲུང་སྐྱོབ་ཁྲོད་ནས་འཕེལ་རྒྱས་སུ་འགྲོ་བ་དང་འཕེལ་རྒྱས་ཁྲོད་ནས་སྲུང་སྐྱོབ་བྱེད་པར་སྐུལ་འདེད་བཏང་ནས། སྔར་ལས་ལྷག་པའི་སྒོ་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས། 

ཝུའུ་ཏུང་ཏི་ཆུ་གློག་ས་ཚིགས་ཀྱི་འཕྲུལ་ཚན་སྐོར་དང་པོས་གློག་འདོན་མགོ་རྩོམ་པའི་མཛད་སྒོ་ཚེས་ཉེར་དགུའི་ཉིན་བརྙན་རིས་ཀྱི་རྣམ་པས་སྤེལ་བ་དང་། པེ་ཅིང་དུ་ཚོགས་ར་གཙོ་བོ་བཀོད་སྒྲིག་བྱས་ཡོད་ལ། ཡུན་ནན་དང་སི་ཁྲོན་སོགས་ས་ཁུལ་དུ་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་ཡོད། མཛད་སྒོའི་སྟེང་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་བྱས་པ་རེད། 

ཝུའུ་ཏུང་ཏི་ཆུ་གློག་ས་ཚིགས་ནི་ཡུན་ནན་ཞིང་ཆེན་ཁོན་མེན་གྲོང་ཁྱེར་ལུའུ་ཆོན་རྫོང་དང་སི་ཁྲོན་ཞིང་ཆེན་ལིང་ཧྲན་ཁུལ་ཧོས་ཏུང་རྫོང་གི་འབྲེལ་མཚམས་སུ་ཡོད་ཅིང་། ཀྲུང་གོའི་འབྲི་ཆུའི་འགག་གསུམ་སྡེ་ཚོགས་ཚད་ཡོད་ཀུང་ཟི་ཡིས་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཉིས་པར་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་མགོ་བརྩམས། སྤྱིའི་འཁོར་ཆས་ཀྱི་ཤོང་ཚད་སྟོང་ཝ་བྱེ་བ་གཅིག་དང་འབུམ་གཉིས་ཡིན་པ་དང་། ལོ་ཧྲིལ་བོའི་ཆ་སྙོམས་ཀྱི་གློག་འདོན་ཚད་ནི་སྟོང་ཝ་ཐེར་ཆེན་གསུམ་དང་ཐེར་འབུམ་བརྒྱད་དུང་ཕྱུར་དགུ་བྱེ་བ་གཅིག་ཡིན་ལ། ཆུ་གློག་ས་ཚིགས་དེའི་འཕྲུལ་ཚན་ཚང་མ་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བདུན་པའི་སྔོན་ལ་ཡོངས་འགྲུབ་བྱེད་པའི་འཆར་གཞི་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།