ཀྲུང་གོ་བོད་ཀྱི་དྲ་བ།

ཟླ5པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན10091ཞིབ་བཤེར་ཐག་གཅོད་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས་28ཉིན། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚུགས་ཐོག་ཆ་འཕྲིན་ཁྱབ་བསྒྲགས་བྱས་པར་གཞིགས་ན། 2020ལོའི་ཟླ5པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་10091ཞིབ་བཤེར་ཐག་གཅོད་བྱས་པའི་ནང་། མི14506ཐག་གཅོད་བྱས་པ་དང་མི8149ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་ཕོག་པ་རེད། ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་ཕོག་པའི་ལས་བྱེད་པའི་ནང་ས་ཁུལ་དང་ཐིང་རིམ་པའི་མི32དང་། རྫོང་དང་ཁྲུའུ་རིམ་པའི་མི475། ཤང་དང་ཁོའོ་རིམ་པ་དང་དེ་མན་གྱི་མི7642ཡོད་པ་རེད།

2020ལོའི་ཟླ་5པར་ཞིབ་བཤེར་ཐག་གཅོད་བྱས་པའི་གནད་དོན་10091ནང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱེད་སྐབས་བཀའ་བཏང་ཡང་མི་སྒྲུབ་པ་དང་གཏན་འགོག་བྱས་ཀྱང་མཚམས་འཇོག་མི་བྱེད་པའམ་ཡང་ན་ཁས་ལེན་བྱེད་མང་བ་དང་། ལག་ལེན་དུ་བསྟར་ཉུང་བ་དང་དོན་འཁྱོལ་ལ་ཕན་འབྲས་མི་ཐོན་པ། དོན་དངོས་དང་མི་འཚམ་པ་དང་མང་ཚོགས་དང་ཁ་བྲལ་བ་བཅས་བྱས་ནས་མཇུག་འབྲས་ངན་པ་བཟོས་པའི་གནད་དོན་193དང་། འགན་ནུས་གཙང་སྒྲུབ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བཅས་ཐད་འགན་མི་འཁུར་བ་དང་། དགོས་པའི་ལས་མི་བྱེད་པ། མི་དགོས་པའི་ལས་རྙོག་བཟོ་བ། ཕྱི་ཚུལ་གྱི་ལས་ཀ་ཁོ་ན་བྱེད་པ་བཅས་བྱས་ནས་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པའི་གནད་དོན་4509 མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ལས་དོན་ནང་ཁྲལ་སེལ་སླ་བཅོས་དང་། བཙན་པོ་ཧམ་ཆེན། ལས་ཆོད་ཞན་པ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བ་བཅས་བྱས་ནས་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་གཏོང་བའི་གནད་དོན་301 ཡིག་ཆ་མང་པོ་དང་ཚོགས་འདུ་མང་བའི་གནད་དོན་བསྐྱར་ལོག་ཐེབས་པ་དང་། རྩོམ་སྲོལ་དང་ཚོགས་སྲོལ་ཏན་ཏིག་མེད་པ། ལྟ་བཤེར་དཔྱད་ཞིབ་མང་དྲགས་པ་དང་ལས་ཀ་ཐག་མ་ཆོད་པའི་ཤུལ་མང་དྲགས་པ་བཅས་བྱས་ནས་གཞི་རིམ་ལ་ཁུར་པོ་ལྕི་པོ་བཟོས་པའི་གནད་དོན་61 ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་877བཅས་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།