ཀྲུང་གོ་བོད་ཀྱི་དྲ་བ།

ནོར་སྲིད་པུས་གྲོང་གསེབ་ཀྱི་འཚོ་བར་དཀའ་ངལ་ཡོད་པའི་ཨ་མའི“འབྲས་སྐྲན་གཉིས”ཀྱི་རོགས་སྐྱོབ་རྣམ་གྲངས་ལག་བསྟར་ལ་རྒྱབ་སྐྱོར་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚད་མཐོའི་མཐོང་ཆེན་འོག གྲོང་གསེབ་ཀྱི་ནུ་སྐྲན་དང་མངལ་སྐེའི་འབྲས་སྐྲན(གཤམ་ལ“འབྲས་སྐྲན་གཉིས”ཞེས་བསྡུ་རྒྱུ)ཕོག་པའི་འཚོ་བར་དཀའ་ངལ་ཡོད་པའི་ཨ་མའི་སྨན་བཅོས་ཀྱི་དཀའ་གནད་ཐག་གཅོད་བྱ་ཆེད། 2011ལོ་ནས་བཟུང་ནོར་སྲིད་པུས་ཀྲུང་དབྱང་རྒྱན་ཤོག་སྤྱི་ཕན་མ་དངུལ་གྱི་རྒྱབ་སྐྱོར་བརྒྱུད། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲོང་གསེབ་ཀྱི་འཚོ་བར་དཀའ་ངལ་ཡོད་པའི་ཨ་མའི“འབྲས་སྐྲན་གཉིས”ཀྱི་རོགས་སྐྱོབ་ལས་དོན་སྤེལ་བ་རེད། རྣམ་གྲངས་ལག་བསྟར་བྱས་ཚུན། རིམ་རྩིས་བྱས་ན་གྲོང་གསེབ་ཀྱི“འབྲས་སྐྲན་གཉིས”ཕོག་པའི་བུད་མེད་ཁྲི15.96ལ་རོགས་སྐྱོབ་བྱས་པའི་ནང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཁྲི6.44ཡོད་ཅིང་། ཐོ་འགོད་རེ་ཞུ་བྱས་པའི་ཡིག་ཚགས་དང་གཱ་བཟོས་པའི་ནད་གཞི་ཕོག་པའི་བུད་མེད་དབུལ་པོ་དང་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ནད་གཞི་ཕོག་པའི་བུད་མེད་ལ་རོགས་སྐྱོབ་ཡོངས་ཁྱབ་ཐུབ་ནས། “འབྲས་སྐྲན་གཉིས”སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་བརྟག་དཔྱད། སྔ་ཙམ་སྨན་བཅོས་བཅས་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བྱུང་བ་དང་། ནད་གཞི་ཕོག་པའི་བུད་མེད་དབུལ་པོར་དུས་ཐོག་ཏུ་སྐྱོབ་བཅོས་འགན་ལེན་ཐུབ་ནས་ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པ་དང་ནད་གཞིས་རྐྱེན་པས་དབུལ་པོ་བསྐྱར་ལོག་ཐེབས་པའི་གནད་དོན་ཞི་ལྷོད་དུ་ཕྱིན་པ་རེད།

ཉིན་ཤས་གོང་། ནོར་སྲིད་པུས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི2020ལོའི་གྲོང་གསེབ་ཀྱི་འཚོ་བར་དཀའ་ངལ་ཡོད་པའི་ཨ་མའི“འབྲས་སྐྲན་གཉིས”ཀྱི་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར3.02གཤམ་སྤྲོད་བྱས་ནས། “འབྲས་སྐྲན་གཉིས”ཀྱི་རོགས་སྐྱོབ་ལས་དོན་སྤེལ་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།