ཟླ5བར་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་ལོ་འདིའི་ནང་ཐེངས་དང་པོ་འཕར་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པར་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་གཏིང་ཟབ་བཏང་བ་དང་བསྟུན་ཏེ་ཐོན་སྐྱེད་གཉེར་སྐྱོང་གི་སྒྲིག་ལམ་རིམ་བཞིན་སླར་གསོ་བྱུང་ནས་བཟོ་ལས་ཁེ་ལས་ཀྱི་ཕན་འབྲས་རྒྱུན་མཐུད་ལེགས་སུ་སོང་བ་དང་། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར5823.4བྱུང་བ། ཁེ་སྤོགས་འཕར་ཚད་ཟླ4པའི་དུས་མཚུངས་ལས4.3%ཆག་པ་དེ6.0%བར་འཕར་ནས་ཟླ་འདིའི་ཁེ་སྤོགས་ཆག་པ་ནས་འཕར་བར་གྱུར་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།