ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས《གྲ་སྒྲིག་དམག་ཞབས་དཔུང་སྡེའི་འགོ་ཁྲིད་སྒྲིག་གཞི་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་གཏན་འབེབས》བཀྲམ་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གིས《གྲ་སྒྲིག་དམག་ཞབས་དཔུང་སྡེའི་འགོ་ཁྲིད་སྒྲིག་གཞི་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་གཏན་འབེབས》(གཤམ་དུ《གཏན་འབེབས》ཞེས་བསྡུ་རྒྱུ)བཀྲམ་པ་དང《གཏན་འབེབས》ནང་2020ལོའི་ཟླ་7ཚེས1ཉིན་གྱི་མཚན་མོའི་ཆུ་ཚོད་བཅུ་གཉིས་པ་ནས་བཟུང་གྲ་སྒྲིག་དམག་ཞབས་དཔུང་སྡེ་ཚང་མ་དམག་དཔུང་གི་འགོ་ཁྲིད་བཀོད་འདོམས་མ་ལག་ནང་འཇུག་རྒྱུ་དང་ད་ལྟ་ལག་བསྟར་བྱེད་བཞིན་པའི་དམག་དཔུང་དང་ས་གནས་གཉིས་ཀས་འགོ་ཁྲིད་བྱེད་པ་དེ་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་གཅིག་གྱུར་ཐོག་འགོ་ཁྲིད་བྱ་རྒྱུར་ལེགས་སྒྲིག་བྱ་རྒྱུ་ཡིན་པ་རེད།

《གཏན་འབེབས》ནང་གྲ་སྒྲིག་དམག་ཞབས་དཔུང་སྡེ་ནི་མི་དམངས་བཅིངས་འགྲོལ་དམག་གི་ཆ་ཤས་ཤིག་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པའི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ། ཏང་གི་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་རྒྱུའི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་འགན་ལེན་བྱེད་པ། མི་དམངས་དམག་དཔུང་འཛམ་གླིང་ཐོག་གི་དམག་དཔུང་རྩེར་གྲར་ཕྱོགས་ཡོངས་ནས་འཛུགས་སྐྱོང་བྱེད་པ། དམག་མི་ནི་དམག་མི་དང་། ཉེན་རྟོག་པ་ནི་ཉེན་རྟོག་པ། ཡུལ་དམག་ནི་ཡུལ་དམག་ཡིན་དགོས་པའི་རྩ་དོན་གཞིར་བཟུང་། གྲ་སྒྲིག་དམག་ཞབས་དཔུང་སྡེའི་འགོ་ཁྲིད་སྒྲིག་གཞི་ལེགས་སྒྲིག་བྱ་རྒྱུ་ཡིན་པ་བཏོན་ཡོད།

《གཏན་འབེབས》ནང་ཀྲུང་དབྱང་དང་། རྒྱལ་ཁབ་ལས་ཁུངས། ས་གནས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། རྒྱལ་སྲུང་འཛུགས་སྐྱོང་གི་འགན་འཁྲི་ཁུར་ནས་གྲ་སྒྲིག་དམག་ཞབས་དཔུང་སྡེ་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་དགོས། དམག་དཔུང་དང་ས་གནས་ཀྱི་འབྲེལ་ཡོད་ཚན་པས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་རང་འགུལ་ངང་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་འབྲེལ་ཡོད་ལས་དོན་ཞིབ་ཚགས་ལ་ཏན་ཏིག་སྒྲུབ་དགོས་པ་མ་ཟད། གྲ་སྒྲིག་དམག་ཞབས་དཔུང་སྡེའི་འགོ་ཁྲིད་སྒྲིག་གཞི་བརྟན་པོའི་ངང་བརྗེ་སྒྱུར་དང་འབྲེལ་མཐུད་ནུས་ལྡན་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།