ཀྲུང་གོ་བོད་ཀྱི་དྲ་བ།

​སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་བས་ཚན་ཆུང་དགར་ནས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་བས་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར་ཚན་ཆུང་གྲོས་ཚོགས་བསྡུས་ཏེ། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་གྲོས་ཞིབ་ལ་ཞུགས། 

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་མི་སྣ་དང་རྒྱལ་ཡོངས་དམངས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་སྐོར་ཞིག་གི་ཁོངས་མི། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི།  དེ་མིན་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་རེ་འགའ་བཅས་གྲོས་ཞིབ་ལ་ཞུགས། 

གྲོས་ཚོགས་ལ་ཞུགས་མཁན་རྣམས་ཀྱིས་ཡོངས་ཁྱབ་ཏུ་བལྟས་ན། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་བཅའ་ཁྲིམས་འཆར་ཟིན་གྱི་གྲོས་ཞིབ་ཐེངས་གཉིས་པའི་མ་ཡིག་དང་གྲོས་ཞིབ་མཇུག་འབྲས་ཀྱི་སྙན་ཞུ་ལས། ཞང་ཀང་གི་ལས་རིགས་སོ་སོའི་མི་སྣ་འདུས་པའི་ཕྱོགས་སོ་སོའི་བསམ་འཆར་བསྡུ་ལེན་གང་ལེགས་བྱས་ཡོད་པ་དང་། རྒྱལ་ཡོངས་དམངས་ཆེན་གྱི་འབྲེལ་ཡོད་གྲོས་ཆོད་ཀྱི་དགོངས་དོན་མངོན་པར་མཚོན་ཡོད་ལ། འབྲེལ་ཡོད་ཕྱོགས་ཀྱི་སེམས་ཁུར་ལ་ལན་བྱིན་ཡོད་པར་མ་ཟད། འབྲེལ་ཡོད་ནང་དོན་གྱི་རྒྱས་བཤད་སྔར་ལས་ཡང་དག་ཡིན་པ་དང་། བྱེ་བྲག་གི་བྱེད་ཐབས་ལ་སྔར་ལས་དམིགས་སའི་རང་བཞིན་དང་སྤྱད་ཆོག་རང་བཞིན་ལྡན་པར་མ་ཟད། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་དོན་དངོས་གནས་ཚུལ་དང་འཚམ་པར་འདོད། 

གྲོས་ཚོགས་ལ་ཞུགས་མཁན་དག་གིས་ཡོངས་ཁྱབ་ཏུ་བལྟས་ན། གང་མགྱོགས་སྒོས་འབྲེལ་ཡོད་བཅའ་ཁྲིམས་བཏོན་ནས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ཁྱབ་སྒྲོག་ལག་བསྟར་བྱས་ན། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་གནས་པའི་བཅའ་ཁྲིམས་ཀྱི་ཆད་ལྷག་དང་ལམ་ལུགས་ཀྱི་མི་འདང་སའི་གནད་དོན་ཐག་གཅོད་བྱེད་ཐུབ་པ་དང་། ཕན་ནུས་ལྡན་པའི་སྒོ་ནས་འབྲེལ་ཡོད་ནག་ཉེས་བྱ་སྤྱོད་ལ་ཆམ་ཕབ་གཏོང་བ་དང་ཟོལ་མེད་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཐུབ། དེ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་དར་རྒྱས་དང་གཏན་འཇགས་སྲུང་འཛིན་བྱེད་པར་ཕན་ཐོགས་ཡོད་པ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྡོད་དམངས་དག་གི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པར་ཡང་ཕན་ཐོགས་ཡོད་པར་འདོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།