ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་ཕྱི་བུན་གྲུབ་ཆ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་3པའི་ཟླ་མཇུག་ཏུ་རང་རྒྱལ་གྱི་ཡོངས་འདུས་ཕྱི་བུན་གྱི་ལྷག་གྲངས་ཨ་སྒོར་དུང་ཕྱུར20946ཟིན་པ་དེ་ན་ནིང་གི་ལོ་མཇུག་ལས་ཨ་སྒོར་དུང་ཕྱུར་373འཕར་ནས་འཕར་ཚད་1.8%ཟིན་ཡོད། གཙོ་བོ་དངུལ་ཁང་གི་དངུལ་ལོར་དང་བཅོལ་དངུལ་གྱི་ལྷག་གྲངས་འཕར་བ་ལས་སྐུལ་འདེད་ཐེབས་ནས་གྲོང་མི་མིན་པའི་སྒྲིག་གཞིའི་བཅོལ་དངུལ་དང་ལས་རིགས་གཅིག་པའི་བཅོལ་དངུལ་ལྷག་གྲངས་འཕར་བ་ལས་མངོན་ཐུབ།

དངུལ་ལོར་གྱི་རིགས་དང་དུས་བཀག་གི་གྲུབ་ཆའི་ཐོག་ནས་བལྟས་ན། ཟླ་3པའི་ཟླ་མཇུག་ཏུ་རྩིས་གཞིའི་དངུལ་ལོར་གྱི་ཕྱི་བུན་ལྷག་གྲངས་ཨ་སྒོར་དུང་ཕྱུར་7869ཟིན་ནས་བསྡུར་ཚད་38%ཟིན་པ་དང་། དུས་ཡུན་རིང་འབྲིང་གི་ཕྱི་བུན་ལྷག་གྲངས་ཨ་སྒོར་དུང་ཕྱུར་8787ཟིན་ནས་བསྡུར་ཚད་42%ཟིན་པ་དེ་ན་ནིང་གི་ལོ་མཇུག་ལས་བརྒྱ་ཆའི་གྲངས་3དང་བརྒྱ་ཆའི་གྲངས་1འཕར་ནས་ཕྱི་བུན་གྱི་གྲུབ་ཆ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་རེད།

རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་སྤྱི་ཁྱབ་དཔལ་འབྱོར་མཁས་ཅན་ཝང་ཁྲུན་དབྱིང་གིས། ཉེ་བའི་ལོ་ཤས་རིང་ཕྱི་བུན་གྱི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་དེ་བཞིན་རྒྱུན་མཐུད་ངང་སྒོ་དབྱེ་རྒྱ་ཆེར་གཏོང་བའི་འཕེལ་རིམ་དང་མཐུན་ཡོད། མ་རྩའི་ཁྲོམ་ར་ཕྱོགས་གཉིས་ཀྱི་སྒོ་དབྱེར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་ཆབས་ཅིག་རྒྱལ་སྤྱིའི་མ་འཇོག་བས་ཀྲུང་གོའི་ཁྲོམ་རར་ཁས་ལེན་བྱེད་ཚད་སྔར་བས་མཐོ་རུ་ཕྱིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།