ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ཚོགས་ཀྱི་འཕྲལ་སྡོམ་སྟོབས་ཤུགས་ཁག120ལྷག་ཙམ་ཆུ་ལོག་དང་ཞོད་སྐྱོན་གྱི་ཉེན་སེལ་རོགས་སྐྱོབ་ནང་ཞུགས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མིག་སྔར། རང་རྒྱལ་འདི་ཉིད་ཕྱོགས་ཡོངས་ནས་འབྲུབ་དུས་སུ་བསླེབས་ཡོད་པས། དྲག་ཆར་སོགས་གནམ་གཤིས་ངན་པ་ཡང་སེ་ཐོན་གྱི་ཡོད་པ་དང་། ལྷོ་རྒྱུད་ཀྱི་ས་ཁུལ་མང་པོར་རྒྱུན་མཐུད་དྲག་ཆར་བབས་ནས་ས་ཁུལ་ཁག་གཅིག་ལ་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཚབས་ཆེན་ཕོག་ཡོད། དེ་དང་ཆབས་ཅིག ས་ཁུལ་ཁག་གཅིག་ལ་རྒྱུན་མཐུད་ཆར་པ་འབབ་ཉུང་ཞིང་ཚ་བ་ཆེ་བའི་གནམ་གཤིས་བསྟན་ནས་ཐན་སྐྱོན་ཚབས་ཆེན་ཕོག་སྟེ། འབྲུབ་འགོག་ཐན་འགོག་ལས་དོན་དེ་འགག་རྩའི་དུས་སུ་བསླེབས་ཡོད་པ་རེད།

གསར་འགོད་པར་ཚེས27ཉིན་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་གསལ། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། མིག་སྔའི་བར་རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་སྤྱི་ཚོགས་ཀྱི་འཕྲལ་སྡོམ་སྟོབས་ཤུགས་ཁག120ལྷག་ཙམ་གྱི་རོགས་སྐྱོབ་མི་སྣ3500ལྷག་ཙམ་དང་དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་ཁག་གི་དང་བླངས་པ་འབོར་ཆེན་ཀོང་ཤིས་དང་། ཧུའུ་ནན། ཁྲུང་ཆིང་སོགས་ཀྱི་དྲག་ཆར་གྱི་རྐྱེན་ལས་ཐོན་པའི་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་དང་དེ་བཞིན་རྒྱ་མཚོའི་རླུང་འཚུབ“ནེ་ཙོའི”འགོག་སྲུང་ལས་དོན་ནང་ཞུགས་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།